འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དངོས་ལྗོངས་ཟློས་གར་《རྒྱ་བཟའ་ཀོང་ཇོ་》ཡི་འདི་ལོའི་འཁྲབ་སྟོན་བྱེད་མཚམས་རྫོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་02ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དངོས་ལྗོངས་ཟློས་གར་《རྒྱ་བཟའ་ཀོང་ཇོ་》ཡི་འདི་ལོའི་འཁྲབ་སྟོན་བྱེད་མཚམས་རྫོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན་གྱི་དགོང་མོར། ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་དངོས་ལྗོངས་ཟློས་གར་《རྒྱ་བཟའ་ཀོང་ཇོ་》ཡི་2016ལོའི་འཁྲབ་སྟོན་བྱེད་མཚམས་མཇུག་རྫོགས་པ་དང་། འདི་ལོར་དངོས་ལྗོངས་ཟློས་གར་འདི་ཉིད་ཁྱོན་བསྡོམས་འཁྲབ་ཐེངས་168བྱས་ཤིང་། གཟིགས་མོ་བ་མི་ཐེངས་ཁྲི་40ལྷག་ཟིན་ཡོད་པ་རེད།
         དངོས་ལྗོངས་ཟློས་གར་《རྒྱ་བཟའ་ཀོང་ཇོ་》ནི་ལྷ་སའི་རི་ཆུ་ཀླུང་གསུམ་རྒྱབ་ལྗོངས་སུ་བྱས་པ་དང་། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པ་བརྗོད་གཞིར་བྱས་ནས་རྒྱ་བོད་མི་རིགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། མི་རིགས་རིག་གནས་བཅས་ཕན་ཚུན་སྤེལ་རེས་ཀྱི་གཏམ་རྒྱུད་གཙོ་གནད་དུ་བཟུང་ནས་ལོ་ངོ་སྟོང་བརྒྱུད་པའི་ལོ་རྒྱུས་སྙན་ངག་གི་གཏམ་རྒྱུད་ངོ་མཚར་ཅན་དེ་རྒྱས་པར་བཀྲོལ་ཡོད་པ་མ་ཟད། དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ལོ་རྒྱུས་སྙན་ངག་མཚོན་བྱེད་ཀྱི་འཁྲབ་ཚན་ཞིག་ཏུ་གྱུར་པ་རེད། 
         དངོས་ལྗོངས་ཟློས་གར་《རྒྱ་བཟའ་ཀོང་ཇོ་》ཞེས་པ་འདི་ནི་2013ལོར་ལྷ་ས་ནས་ཐོག་མར་འཁྲབ་སྟོན་བྱས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།དངོས་ལྗོངས་ཟློས་གར་《རྒྱ་བཟའ་ཀོང་ཇོ་》ཡི་འདི་ལོའི་འཁྲབ་སྟོན་བྱེད་མཚམས་རྫོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།