འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།《ཕ་རི་སིའི་ཆོད་ཡིག་》ལ་ནུས་པ་འཐོན་གྲབས་ཡོད་ཅིང་གོ་ལ་ཧྲིལ་པོ་གནམ་གཤིས་བཅོས་
    སྐྱོང་གི་དུས་རིམ་གསར་པར་བསྐྱོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།《ཕ་རི་སིའི་ཆོད་ཡིག་》ལ་ནུས་པ་འཐོན་གྲབས་ཡོད་ཅིང་གོ་ལ་ཧྲིལ་པོ་གནམ་གཤིས་བཅོས་
སྐྱོང་གི་དུས་རིམ་གསར་པར་བསྐྱོད་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་11ཚེས་4ཉིན་མིའི་རིགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་བརྩོན་འཇལ་བའི་ཁྲོད་ཀྱི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་《ཕ་རི་སིའི་ཆོད་ཡིག་》ལ་དངོས་སུ་ནུས་པ་འཐོན་གྲབས་ཡོད་པ་རེད། 2015ལོའི་ཟླ་12ཚེས་12ཉིན་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་སྒྲོམ་གཞིའི་སྤྱི་ཆིངས་》འཇོག་མཁན་ཕྱོགས་200ལ་ཉེ་བས་ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་སྟེང་དུ་མགྲིན་གཅིག་ཏུ་《ཕ་རི་སིའི་ཆོད་ཡིག་》ལ་མོས་མཐུན་བྱ་རྒྱུ་གྲོས་འཆམ་བྱུང་བ་རེད། 2016ལོའི་ཟླ་4ཚེས་22ཉིན་རྒྱལ་ཁབ་175ཡིས་《ཕ་རི་སིའི་ཆོད་ཡིག་》ལ་དངོས་སུ་མིང་རྟགས་བཀོད་པ་རེད། ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཧྥ་རན་སེ་ཡིས་མཁོ་འདོན་བྱས་པའི་གཞི་གྲངས་ལ་གཞིགས་ན། ཟླ་11ཚེས་1ཉིན་གྱི་བར་དུ་ཁྱོན་བསྡོམས་ཆིངས་ཡིག་འཇོག་མཁན་ཕྱོགས་92ཀྱིས་《ཕ་རི་སིའི་ཆོད་ཡིག་》ལ་ཆོག་མཆན་བཀོད་པ་དང་། དྲོད་ཁང་གི་རླངས་གཟུགས་གཏོང་ཚད་གོ་ལོ་ཧྲིལ་པོའི་སྤྱིའི་གཏོང་ཚད་ཀྱི་65.82%ཟིན་ཡོད་པས་ཆོད་ཡིག་ལ་ནུས་པ་ཐོན་པར་མཁོ་བའི་བཀག་ཆ་གཉིས་ལས་བརྒལ་བ་རེད། ཆོད་ཡིག་འདིས་2020ལོའི་རྗེས་སུ་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་བྱ་རྒྱུ་དང་བྱ་སྤྱོད་བཀོད་སྒྲིག་བྱ་རྒྱུ་ཡིན་པས། ད་ལྟའི་དུས་འདིར་རྐང་པ་བཙུགས་ཡོད་ལ་མ་འོངས་པར་ཡང་སྣེ་ཁྲིད་བྱ་རྒྱུ་ཡིན་པས་དོན་སྙིང་གཏིང་ཟབ་པོ་ལྡན་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།《ཕ་རི་སིའི་ཆོད་ཡིག་》ལ་ནུས་པ་འཐོན་གྲབས་ཡོད་ཅིང་གོ་ལ་ཧྲིལ་པོ་གནམ་གཤིས་བཅོས་
སྐྱོང་གི་དུས་རིམ་གསར་པར་བསྐྱོད་རྒྱུ་ཡིན་པ།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།