འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྩི་ཤིང་སྐྱེ་ཚུལ་མུ་མཐུད་ལེགས་བཅོས་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་03ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྩི་ཤིང་སྐྱེ་ཚུལ་མུ་མཐུད་ལེགས་བཅོས་བྱུང་བ།
           ཉེ་དུས། མཐོ་སྒང་གི་རླུང་ཁམས་ཆེན་མོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་རྒྱལ་ཁབ་རང་བྱུང་མ་དངུལ་གྱི་རྣམ་གྲངས་《ནམ་ཟླའི་འགྱུར་ཚུལ་ལས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྩི་ཤིང་ཉམས་པའི་རྐྱེན་རྩར་དཔྱད་པའི་》འབྲས་འབྲས་བུའི་ཐོག་ནས། ཉེ་བའི་ལོ་འགའི་ནང་། མངའ་རིས་ས་ཁུལ་གྱི་རྩི་ཤིང་ཁེབས་ཚད་ཆ་སྙོམས་18.6%ཡིན་པ་དང་། རྩི་ཤིང་ཁེབས་ཚད་བརྟན་པོ་དང་འགྱུར་བ་མེད་པའི་ས་ཁུལ་གྱིས་མངའ་ཁོངས་ཡོངས་ཀྱི་རྒྱ་ཁྱོན་གྱི་69%ཟིན་ཡོད་པ་རེད། རྩི་ཤིང་གསལ་དོད་པོ་བྱས་པའི་ས་ཁུལ་གྱིས་13.2%ཟིན་ཡོད་པ་མཚོན། སྤྱིའི་ཆ་ནས་བཤད་ན། མངའ་རིས་ས་ཁུལ་གྱི་རྩི་ཤིང་ཟིན་ཚད་ནི་བརྟན་པོའི་ངང་ཚུལ་ཆེ་ཚམ་ལྡན་པ་དང་། ལྷག་པར་དུ་2010ལོ་ནས་བཟུང་སྟེ་རྩི་ཤིང་སྐྱེ་ཚུལ་མུ་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།