འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་བྱས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“བླ་ན་མེད་པའི་སྙིང་སྟོབས་ཟིན་ཐོར་བཀོད། འོད་མདངས་འཚེར་བའི་ནུས་ཤུགས་གོང་བུར་སྒྲིལ·ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན”པེ་ཅིང་ཀྲུང་ཧྭ་དུས་རབས་སྟེགས་བུའི་གསེར་མདོག་དུས་རབས་ཚོམས་ཆེན་དཀྱིལ་མར་གཉེར་བ་རེད།
         འགྲེམས་སྟོན་ཐོག་ལོ་ཕྱེད་ལྷག་ཙམ་གྱི་གསར་རྩོམ་དང་། བསྡུ་རུབ། ལེགས་སྒྲིག་བཅས་བྱས་པ་བརྒྱུད་བརྩམས་ཆོས་200ཙམ་གདམ་གསེས་བྱས་ཡོད། བརྩམས་ཆོས་དེ་དག་ཐོག་ནས་གསོན་ཉམས་དོད་པའི་ངང་སྐབས་དེའི་ལོ་རྒྱུས་ཁྲོད་ཀྱི་གསར་བརྗེའི་སྔོན་བྱོན་པ་ཚོས་བསྐྱོད་མྱོང་བའི་ལམ་བུ་བསྐྱར་དུ་མངོན་ཡོད་ལ། དེང་དུས་མི་རྣམས་ཀྱི་ཉམས་འགྱུར་ཡང་མངོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4པ་ནས་ཟླ་10པའི་བར། གྲགས་ཅན་པར་རྒྱག་མཁས་ཅན་དང་གཞོན་ནུ་པར་རྒྱག་མཁན་20ལྷག་ཙམ་རུ་ཆུང་བཞིར་བགོས་ནས་སྔ་རྗེས་སུ་ཅང་ཤིས་རུའེ་ཅིན་དང་། ཀུའེ་ཀྲོའུ་ཙུན་དབྱི། སི་ཁྲོན་རྔ་པའི་པ་ཀྲུང་དང་ཧུང་ཡོན། དེ་བཞིན་མཛོད་དགེ ཧྲའན་ཤིས་ཏིང་པན། ཀན་སུའུ་ཧུའེ་ཉིང་སོགས་སུ་བསྐྱོད་དེ་བཅའ་འདྲི་དང་པར་བརྒྱབ་པ་དང་། དེ་བཞིན་ཞིང་ནང་དང་མུ་ཁ་དང་། བཟོ་གྲྭའི་འཁོར་ཁང་། རྩྭ་ཐང་དང་བྱེ་ཐང་བཅས་སུ་བསྐྱོད་ཡོད། དེ་དང་དུས་མཚུངས་ཟླ་9པའི་ཟླ་འགོར། གཙོ་གཉེར་ཕྱོགས་ཀྱིས་དྲ་སྦྲེལ་དང་སྐད་འཕྲིན་སོགས་ཀྱི་རྣམ་པའི་ཐོག་ནས་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ་སྤྱི་ཚོགས་ལ་ཁ་ཕྱོགས་ནས་བརྩམས་ཆོས་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ཡོད། ཟླ་བ་གཅིག་གི་དུས་ཚོད་ནང་ཁྱོན་བརྩམས་ཆོས་ཁྲི་གཉིས་ཙམ་བསྡུ་རུབ་བྱས་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།