འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་རིགས་ས་ཁུལ་དང་དབྱིས་རིགས་ཁུལ་གྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་44ལ་
    མིང་རྟགས་བཀོད་པར་མ་དངུལ་སྒོར་དུང་ཕྱུར་774.95ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་རིགས་ས་ཁུལ་དང་དབྱིས་རིགས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཕྱིར། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས“མཉམ་དུ་ཕྱུག་འགྱུར་ལམ་བུ་གཏོད། མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་ནས་ཁྲེང་ཏུའུ་རུ་སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་དང་དབྱིས་རིགས་ཁུལ་གྱི་ཐོན་ལས་དབུལ་སྐྱོར་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ཏེ། རྣམ་གྲངས་ཁག་44ལ་མིང་རྟགས་བཀོད་པར་མ་དངུལ་སྒོར་དུང་ཕྱུར་774.95ཟིན་ཡོད་པ་རེད། དེའི་ཁྲོད་ནས་རྔ་པ་ཀྲོའུ་ཡི་རྣམ་གྲངས་ཁག་5ལ་མ་དངུལ་སྒོར་དུང་ཕྱུར་49.2བཏང་བ་དང་། དཀར་མཛེས་ཀྲོའུ་ཡི་རྣམ་གྲངས་ཁག་7ལ་མ་དངུལ་སྒོར་དུང་ཕྱུར་389.5བཏང་བ། ལེང་ཧྲན་ཀྲོའུ་ཡི་རྣམ་གྲངས་ཁག་32ལ་མ་དངུལ་སྒོར་དུང་ཕྱུར་336.25བཏང་བ། དངོས་སུ་གན་རྒྱ་བཞག་པའི་རྣམ་གྲངས་ཁག་33ལ་མ་དངུལ་སྒོར་དུང་ཕྱུར་269.95བཏང་བ་དང་འཆར་གཞིའི་གྲོས་མཐུན་རྣམ་གྲངས་ཁག་11ལ་མ་དངུལ་སྒོར་དུང་ཕྱུར་505བཏང་བ་བཅས་རེད། “གཉིས་བྱས་པ་བདུན་དང་གཉིས་བྱས་པ་ལྔའི”རིགས་ཀྱི་རྣམ་གྲངས་ཁག་13ལ་མ་དངུལ་སྒོར་དུང་ཕྱུར་292.8བཏང་བ་དང་ཞིང་ལས་དང་། རྨང་གཞིའི་སྒྲིག་བཀོད། དེ་མིན་གྱི་ཞབས་ཞུའི་ལས་རིགས་སོགས་ཀྱི་རྣམ་གྲངས་ཁག་31ལ་མ་དངུལ་སྒོར་དུང་ཕྱུར་482.15བཏང་ཡོད།
          སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ངོ་སྤྲོད་བྱས་དོན། “ནུབ་རྒྱུད་འགྲེམས་ཚོགས་ཐོག་གན་རྒྱ་བཞག་ན་མི་དེ་བས་མང་བས་བོད་རིགས་ས་ཁུལ་དང་དབྱིས་རིགས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་དོ་སྣང་བྱེད་སྲིད” སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོན་ལས་དབུལ་སྐྱོར་ལས་ཀ་ཤུགས་ཆེན་བྱས་ནས་ཁེ་ལས་དེ་བས་མང་བས་བོད་རིགས་ས་ཁུལ་དང་དབྱིས་རིགས་ཁུལ་གྱི་ཐོན་ལས་དབུལ་སྐྱོར་ལ་རྒྱབ་སྐྱོར་དང་དེའི་ནང་དུ་ཞུགས་རྒྱུར་སྐུལ་འདེད་བཏང་བ་མ་ཟད། རྒྱང་སྐྱོད་ལམ་རྒྱུད་ཀྱི་ས་ཁུལ་དབུལ་པོའི་མང་ཚོགས་གང་མགྱོགས་ཕྱུག་འགྱུར་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་རྒྱུར་རོགས་རམ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བོད་རིགས་ས་ཁུལ་དང་དབྱིས་རིགས་ཁུལ་གྱི་མང་ཚོགས་མཉམ་དུ་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་པ་དང་དུས་ཐོག་ཏུ་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་ལེགས་གྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།