འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཀོན་ཆུས་ཉང་བྲན་ཤང་གིས་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་
    དར་སྤེལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁྲེང་ཀོན་ཆུས་ཉང་བྲན་ཤང་གིས་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་
དར་སྤེལ་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལྷ་ས་ལས་རིགས་ལག་རྩལ་སློབ་གླིང་ལ་བརྟེན་ནས་སློབ་གྲྭ་དེ་ནས་བསྡུས་པའི་སློབ་མ་19ལ་མཛུབ་ཁྲིད་རང་བཞིན་གྱི་དཔྱད་ཞིབ་བྱས་པ་དང་། རྒྱུགས་ཞུགས་སློབ་མ་ཚོས་དཀའ་ཚེགས་ཆེ་བའི་ཞབས་བྲོའི་སྟངས་སྟབས་འཁྲབ་སྟོན་བྱེད་པ་ནས་ལྷ་མོའི་གཞས་གདངས་རྒྱས་པར་བཀྲོལ་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་དེ་ཕྱོགས་ཡོངས་ནས་ངོམ་པ་རེད།
         ཤེས་རྟོགས་བྱུང་གསལ་ལྟར་ན། ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་མཐོ་རིམ་སློབ་གྲྭ་དང་མཉམ་ལས་བྱེད་ཐབས་ལ་བརྟེན་ནས་སྒྱུ་རྩལ་ཚོགས་པར་གསོན་ཤུགས་གསར་པ་བསྣན་ཡོད་དེ། ཕྱོགས་གཅིག་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་དཀའ་ངལ་ཚད་ངེས་ཅན་ཞིག་སེལ་བ་དང་། ཕྱོགས་གཞན་ཞིག་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལྗོངས་ཀྱི་སྒྱུ་རྩལ་རིག་གནས་ཀྱི་རྒྱུན་འཛིན་པ་ཡོང་བར་བྱས་པ་རེད། དུས་མཚུངས་སུ། མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་འཕེལ་རྒྱས་སྔར་མེད་བཏང་བ་དང་། མང་ཚོགས་ཀྱི་ཚོགས་པའི་ནང་བསྐྱོད་ཅིང་། སྤྱི་ཚོགས་ཀྱི་འཚོ་བའི་ནང་ཞུགས་ནས་ཧུར་བརྩོན་ཆེ་བ་དང་ནུས་པ་ལྡན་པའི་ན་གཞོན་ཁག་ཅིག་འཚོལ་རྙེད་བྱུང་བ་རེད། འདི་ནི་ལྷ་མོ་འཁྲབ་སྟོན་པས་《འགྲོ་བ་བཟང་མོ་》འཁྲབ་བཞིན་པ།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།