འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ལ་
    གྲང་འགོག་ཁ་གསབ་སྤྲོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚུན་དུ། མཚོ་སྔོན་གྱི་ས་ཁུལ་མང་ཆེ་བར་ཁ་བ་བབས་ནས་གནམ་གཤིས་གྲང་མོ་ཆགས་པས། འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཚོ་དྲོད་རླངས་མཁོ་འདོན་མ་བྱས་བར་བདེ་བླག་ངང་སྒྲོལ་ཐུབ་པ་བྱེད་ཆེད། མཚོ་སྔོན་གྱིས་ཉེ་ཆར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ལ་གྲང་འགོག་ཁ་གསབ་ཁག་བགོས་ནས་སྤྲོད་རྒྱུ་ཡིན་པ་རེད།
         མཚོ་སྔོན་ནི་མཚོ་བོད་ས་མཐོར་གནས་ཤིང་གནམ་གཤིས་གྲང་བས་ལོ་རེའི་ཟླ་བཅུ་པ་སླེབས་ཚེ་དྲོད་རླངས་མཁོ་འདོན་བྱེད་དགོས་ཀྱི་ཡོད། ཡིན་ན་ཡང་ཨོང་ང་དང་སོག་མ་སོགས་དུས་རྒྱུན་འབུད་ཤིང་མེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཡུལ་མི་ཚོར་མཚོན་ན། ལོ་རེའི་དགུན་ཁར་དྲོད་ལེན་གྲོན་དངུལ་གྱི་གནོན་ཤུགས་ཅུང་ཆེན་པོ་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་བརྟག་ཞིབ་པ་ཝང་ཞིའུ་ཆིང་གིས། མཚོ་སྔོན་གྱིས་ཉེ་ཆར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ལ་དྲོད་ལེན་ཁ་གསབ་ཁག་བགོས་ནས་སྤྲོད་རྒྱུ་ཡིན་པའི་ནང་། གྲོང་ཁྱེར་གྱི“མེད་པ་གསུམ”གྱི་དུད་ཚང་རེར་སྒོར་1000རེ་དང་སྤྱིར་བཏང་གི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་རེར་སྒོར་750རེ་སྤྲད་དེ་ཕན་པ་ཐོབ་མཁན་མི་ཁྲི་16.5ཟིན་རྒྱུ་ཡིན་པ་དང་། མ་དངུལ་དེ་དག་ཚང་མ་ཟླ་བཅུ་གཅིག་པའི་ཟླ་མཇུག་གོང་དུ་སྤྲད་ཚར་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཝང་ཞིའུ་ཆིང་གིས། 2007ལོ་ནས་ད་བར་ཏུ། མཚོ་སྔོན་གྱིས་བསྟུད་མར་ལོ་ཁ་ཤས་རིང་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་གྲང་འགོག་ཁ་གསབ་སྤྲད་པ་དང་ཆབས་ཅིག་སྤྱི་ཚོགས་ཟོག་གོང་འཕར་ཆག་གནས་ཚུལ་གཞིར་བཟུང་ནས་འབྲེལ་ཡོད་ཚད་གཞི་རིམ་བཞིན་མཐོ་རུ་བཏང་ཡོད་ཅེས་བཤད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།