འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ལ་སུང་ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་བོད་ཀྱི་ཉིང་ཁྲིར་ཐོག་མར་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མ་ལ་སུང་ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་བོད་ཀྱི་ཉིང་ཁྲིར་ཐོག་མར་གཉེར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན་2016ལོའི་གནམ་ལྕགས་འབར་བའི་རི་ཁུལ་གྱི་མ་ལ་སུང་ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་བོད་ཀྱི་ཉིང་ཁྲིར་གཉེར་འགོ་ཚུགས་ཤིང་། ཀྲུང་གོའི་རི་འཛེག་རུ་ཁག་གི་རུ་དཔོན་ཝང་ཡུང་ཕུང་གིས་སྣེ་ཁྲིད་པ་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་མ་ལ་སུང་རྒྱང་རྒྱུག་ལ་དགའ་པོ་ཡོད་མཁན་200ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད།
         མཐར་བོད་ནས་ཡིན་པའི་བསོད་ནམས་ཚེ་རིང་དང་བསྟན་སྐྱིད་གཉིས་ཀྱིས་ཆུ་ཚོད་1དང་སྐར་མ་15སྐར་ཆ་51དང་། ཆུ་ཚོད་1དང་སྐར་མ་40སྐར་ཆ་44ཡི་གྲུབ་འབྲས་ཐོག་ནས་སྐྱེས་པ་དང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་སོ་སོར་བླངས།
         བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཕྱོགས་ཐོན་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ཡོད། འཆར་གཞི་ལྟར་ན། ཉིང་ཁྲི་འདི་ཉིད“ཕྱོགས་ཐོན་གྱི་ཞིང་ཁམས”དང་ས་མཐོའི་འགྲན་རའི་རྟེན་གཞིར་བསྐྲུན་རྩིས་ཡོད། ད་ཐེངས་མ་ལ་སུང་ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་དེས་ཉིང་ཁྲིའི་ལུས་རྩལ་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་དམངས་ཡོངས་ལུས་སྦྱོང་དར་སྤེལ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པས། སླད་ཕྱིན་ལོ་ལྟར་ཐེངས་རེ་གཉེར་ཏེ་བོད་ཀྱི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་སྤུས་རྟགས་ལ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲན་བསྡུར་དེ་ནི་2011ལོར་བོད་ཀྱིས་ལྷ་ས་གྲོང་ཁྱེར་དུ་མ་ལ་སུང་ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་ཐོག་མར་གཉེར་ནས་ལོ་5སོང་རྗེས་སླར་ཡང་ཉིང་ཁྲི་གྲོང་ཁྱེར་དུ་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གཉེར་བ་ཞིག་ཡིན་ཞིང་། དེ་ནི་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་མཉམ་དུ་གཉེར་བ་ཞིག་ཡིན། ཉིང་ཁྲི་ནི་བོད་ཀྱི་ས་ཆ་གཞན་ལས་ས་བབ་ཅུང་དམའ་བ་དང་། ནགས་ཚལ་མང་བ། མཁའ་རླུང་ཁྲོད་དབྱང་རླུང་འདུས་ཚད་མཐོ་བས་རྩོལ་བ་དྲག་པོའི་འགྲན་བསྡུར་གཉེར་རྒྱུར་འཚམས་པོ་ཡོད། ད་ལྟ་ཉིང་ཁྲིའི་ཆེས་མཛེས་ཤོས་ཀྱི་དུས་ཚིགས་ཡིན་པས་འགྲན་ལམ་རྒྱུད་དུ་སེར་མདོག་གི་ལྗོན་ཤིང་ལོ་མས་ནགས་རི་ཡོངས་སུ་བརྒྱན་པ་དང་རྒྱང་ན་ཁ་བས་བཀླུབས་པའི་གངས་རིའི་ཚོགས་འགྱིང་ངེར་གནས་པ་མ་ཟད། གཙང་ཆུ་ལྷུང་ལྷུང་ཞོལ་དུ་འབབ་བཞིན་ཡོད་པས་ལྟ་བས་མི་ངོམས་པ་ཞིག་མཆིས།
    【1】  【2】  【3】  【4】  【5】
    ༄༅།།མ་ལ་སུང་ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་བོད་ཀྱི་ཉིང་ཁྲིར་ཐོག་མར་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།