འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཞོགས་པའི་ཉི་ཟེར་ཁྲོད་ཀྱི་ཁ་བ་དཀར་པོ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཞོགས་པའི་ཉི་ཟེར་ཁྲོད་ཀྱི་ཁ་བ་དཀར་པོ།
         མི་དམངས་དྲ་བའི་འཕྲིན། གནས་རི་ཁ་བ་དཀར་པོ་ནི་ས་བབ་མཐོ་ཚད་སྨི་6000ཙམ་གྱི་གནས་སུ་ཡོད་ཅིང་། དེ་ལ་རི་རྩེ་མཐོན་པོ་བཅུ་གསུམ་ཡོད་ལ། དམངས་ཁྲོད་དུ་ཐུགས་སྲས་རི་རྩེ་བཅུ་གསུམ་ཞེས་འབོད། རི་རྩེ་མཐོ་ཤོས་ཁ་བ་དཀར་པོའི་རྩེ་མོར་མཐོ་ཚད་སྨི་6740ཡོད་པ་རེད། བོད་མི་ཚོས་ཁ་བ་དཀར་པོའི་རི་རྩེ་རེ་རེས་ཡུལ་བྱེ་བྲག་ཅིག་ལ་མངའ་དབང་སྒྱུར་བཞིན་ཡོད་པ་དང་། རི་རྩེ་ཁ་བ་དཀར་པོས་རང་བྱུང་ཁམས་ཀྱི་ཡོད་ཚད་ལ་མངའ་དབང་བསྒྱུར་ཡོད་པར་འདོད།
         གནས་མཇལ་བ་ཡིན་ནའམ། ལྗོངས་རྒྱུ་བ་སུ་ཡིན་རུང་།  སེམས་ཀྱི་ཉི་ཟླ་ཞེས་འབོད་པ་འདིར་མི་སྔར་ལས་མང་པོ་འབྱོར་ཏེ་ཁ་བ་དཀར་པོ་མཐོང་འཇལ་འདོད་བྱེད་ལ། ཁོང་ཚོས་ཞོགས་པའི་ཉི་ཟེར་ཁྲོད་ཀྱི་ཁ་བ་དཀར་པོའི་གསེར་མདངས་ལ་མཇལ་འདོད་ཡོད་པ་རེད།  ཁ་བ་དཀར་པོར་གནས་མཇལ་དུ་འགྲོ་བའི་དུས་ཚིགས་བཟང་ཤོས་ནི་ཟླ་བཅུ་པ་ནས་ཕྱི་ལོའི་ཟླ་ལྔ་པ་བར་ཡིན་པ་དང་། དེའི་རིང་གི་དུས་ཚོད་བཟང་ཤོས་ནི་ཟླ་བཅུ་པའི་ཟླ་མཇུག་ཡིན་ཏེ། ནམ་མཁའ་སྔོ་ཞིང་དྭངས་ལ་ས་གཞིའི་རྡུལ་དག་པ། མཐོང་སྣང་རབ་ཏུ་གསལ་བས་ཁ་བ་དཀར་པོའི་རི་རྩེ་ཐེངས་མང་མཇལ་ཐུབ།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།ཞོགས་པའི་ཉི་ཟེར་ཁྲོད་ཀྱི་ཁ་བ་དཀར་པོ།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།