འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་རྒྱལ་ཁབ་ཏུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་
    21ཤི་བ་དང་མི་45རྨས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕ་ཁི་སི་ཐན་རྒྱལ་ཁབ་ཏུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་
21ཤི་བ་དང་མི་45རྨས།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན་གྱི་ཞོགས་པར། ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ལྷོ་རྒྱུད་གྲོང་ཁྱེར་ཁ་ལཱ་ཆི་རུ་འགྲུལ་སྐྱེལ་མེ་འཁོར་གཉིས་གདུང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་བས། ད་ལྟ་མི་21ཤི་བ་དང་མི་45རྨས་སྐྱོན་བྱུང་།
         ས་གནས་དེ་གའི་ལྕགས་ལམ་སྡེ་ཚན་གྱི་འགན་ཁུར་མི་སྣ་ཞིག་གིས་དོན་རྐྱེན་བྱུང་ཡུལ་ནི་ཁ་ལཱ་ཆི་གྲོང་ཁྱེར་ཉེ་འཁོར་གྱི་ཁ་ཏ་ཧྥེ་ས་ཁུལ་ཡིན་པ་དང་། ཤེས་རྟོགས་བྱུང་བའི་གནས་ཚུལ་རགས་ཙམ་ལ་གཞིགས་ན། མེ་འཁོར་ཞིག་མེ་འཁོར་འབབ་ཚིགས་སུ་བསྡད་ཡོད་སྐབས། ཁ་ཕྱོགས་གཅིག་པའི་ལམ་ནས་ཡོང་བའི་མེ་འཁོར་གཞན་ཞིག་གིས་མེ་འཁོར་དང་པོའི་མཇུག་ལ་བརྡུངས་པས།  འགྲུལ་བཞུགས་ཁང་གསུམ་ཤུལ་མེད་གཏོར་བརླག་ཐེབས་པ་དང་། འགྲུལ་བཞུགས་ཁང་གཉིས་ཚད་རིམ་མི་འདྲ་བའི་གཏོར་སྐྱོན་ཐེབས་འདུག་ཅེས་ཟེར།
         ཁ་ལཱ་ཆི་གྲོང་ཁྱེར་ཀྲེན་ནཱ་སྨན་ཁང་གི་མགྲིན་ཚབ་པས། ཁོང་ཚོའི་སྨན་ཁང་དུ་རྐྱེན་ལམ་དུ་ཤོར་མཁན་མི་21གི་བེམ་རོ་འབྱོར་བ་དང་། གཞན་ད་དུང་རྨས་མ་མི་45འབྱོར། རྨས་མ་མང་པོ་ཞིག་གི་མགོ་དང་མཇིང་པ་སོགས་ལ་རྨས་སྐྱོན་ཚབས་ཆེན་བྱུང་འདུག་པས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་མང་དུ་འགྲོ་ཉེན་འདུག་ཅེས་ཟེར།
         དོན་རྐྱེན་འདིའི་ཤུགས་རྐྱེན་འོག མིག་སྔར་ཁ་ལཱ་ཆི་གྲོང་ཁྱེར་གྱི་མེ་འཁོར་འཁོར་སྐྱོད་ཞབས་ཞུ་ཚང་མ་མཚམས་འཇོག་བྱས་པ་རེད།
    ༄༅།།ཕ་ཁི་སི་ཐན་རྒྱལ་ཁབ་ཏུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་
21ཤི་བ་དང་མི་45རྨས།
    ༄༅།།ཕ་ཁི་སི་ཐན་རྒྱལ་ཁབ་ཏུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་
21ཤི་བ་དང་མི་45རྨས།
    ༄༅།།ཕ་ཁི་སི་ཐན་རྒྱལ་ཁབ་ཏུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་
21ཤི་བ་དང་མི་45རྨས།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།