འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྨི་ཡ་ལུའོ་ཡི་མཛེས་ལྗོངས། ཚོན་མདོག་སྣ་ལྔ་བཀྲ་བའི་སྨི་ཡ་ལུའོ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་28ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྨི་ཡ་ལུའོ་ཡི་མཛེས་ལྗོངས། ཚོན་མདོག་སྣ་ལྔ་བཀྲ་བའི་སྨི་ཡ་ལུའོ།
         མི་དམངས་དྲ་བའི་འཕྲིན། སྨི་ཡ་ལུའོ་ནི་རྩེད་མོ་རྩེ་སའི་ཐང་ལ་གོ་ཞིང་། སྨི་ཡ་ལུའོ་མཛེས་ལྗོངས་ཁུལ་ནི་ཞིང་ཆེན་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཆེན་ཞིག་ཡིན་པ་དང་། དེ་ནི་སི་ཁྲོན་ཞིང་ཆེན་ནུབ་བྱང་ཁུལ་དུ་ཡོད་ལ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ལིས་རྫོང་ཁོངས་གཏོགས་ཀྱི་རྨིན་ཅང་གཙང་པོའི་སྟོད་རྒྱུད་ཀྱི་བཀྲ་ཤིས་གླིང་ཆུའི་རོང་ཁུལ་དུ་གནས་པ་རེད། ཆུང་ལའེ་རི་རྒྱུད་ཀྱི་བྱང་སྣེ་དང་མཛེས་སྡུག་ལྡན་པའི་སྲེག་པ་རིའི་ལྷོ་རྒྱུད་ནི་རྒྱབ་ཏུ་གངས་རི་དང་མདུན་དུ་གཤོངས་སར་གཏད་ཡོད་པ། ཁྲེང་ཏུའུ་ནས་གཟི་ཚ་སྡེ་དགུ་དང་གསེར་མཚོའི་ཡུལ་སྐོར་ལམ་ཐིག་གི་དཀྱིལ་དུ་ཡོད་ཅིང་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་263ཡོད་པ་རེད། ལྗོངས་ཁུལ་ཡོངས་ཀྱི་ཤར་ནས་ནུབ་ཀྱི་རིང་ཚད་སྤྱི་ལེ་127དང་ལྷོ་ནས་བྱང་གི་བར་ཐག་ལ་སྤྱི་ལེ་29ཡོད་པ། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་3688ཡོད་པ་རེད། སྔོན་ཆད་པེ་ཅིང་གི་ཤང་ཧྲན་རི་བོའི་ལོ་མ་སེར་པོའི་ཡུལ་ལྗོངས་ཁུལ་ལས་ལྡབ་180ལྷག་གིས་ཆེ་བ་དང་། ཀྲུང་གོས་གསར་དུ་རྙེད་ཅིང་ཕྱི་ཕྱོགས་སུ་སྒོ་ཕྱེས་ཡོད་པའི་རྒྱ་ཁྱོན་ཆེས་ཆེ་བའི་ཡུལ་ལྗོངས་ཁུལ་ཅིག་ཡིན་པ་རེད། ལིས་རྫོང་གི་སྨི་ཡ་ལུའོ་ཡི་རི་ཀླུང་ཀུན་ནི་དམར་མདོག་གི་ལོ་མས་རྒྱན་ཞིང་མཛེས་སྡུག་རབ་ཏུ་བཀྲ་བའི་ལྗོངས་རོལ་དུས་ཚིགས་ཤར་ཡོད་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】  【8】
     
    【9】  【10】  【11】  【12】  【13】  【14】
    ༄༅།།སྨི་ཡ་ལུའོ་ཡི་མཛེས་ལྗོངས། ཚོན་མདོག་སྣ་ལྔ་བཀྲ་བའི་སྨི་ཡ་ལུའོ།
      

    ཕྱོགས་བསྡུས་གསར་འགྱུར།