འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཁྲལ་མེད་ཟོག་འགྲེམས་ལྟེ་གནས་ཐོག་མ་ལས་གཉེར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་28ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཚའོ་ཅ་པའོ་ཁྲལ་མེད་ཟོག་འགྲེམས་ལྟེ་གནས(Bརིགས)ཀྱི་ཁྲལ་མེད་དངོས་ཟོག་དང་པོ་དེ་འགག་སྒོ་ནས་བདེ་བླག་ངང་བཏང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཁྲལ་མེད་ཟོག་འགྲེམས་ལྟེ་གནས་ནི་མཚོ་སྔོན་ཞིང་ཆེན་གྱིས་འཛུགས་སྐྲུན་གྱི་འདུན་ཞུ་བྱས་པའི་ཁྲལ་མེད་ཟོག་འགྲེམས་ནུས་པ་ལྡན་པའི་འགག་སྒོའི་དམིགས་བསལ་ལྟ་སྡོམ་བྱེད་ས་དང་པོ་དེ་ཡིན་པ་དང་མཚོ་ཤར་གྲོང་ཁྱེར་བཟོ་ལས་གླིང་ཁུལ་གྱི་མཁའ་འགྲུལ་ཕྱོགས་བསྡུས་དཔལ་འབྱོར་ཁུལ་དུ་གནས་ཤིང་། ས་ཁྱོན་མུའུ་110ཟིན་པ་དང་མ་རྩ་སྒོར་དུང་ཕྱུར་3ཙམ་བཏང་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།