འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རྒྱལ་ཁབ་གཞུང་ལས་པ་བསྡུ་རྒྱུའི་རྒྱུགས་ལེན་ལ་ཞུགས་མཁན་ཁྲི་148.63ཐོབ་
    ཐང་ཞིབ་བཤེར་བྱས་པ་བརྒྱུད་འོས་ཚད་ལོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་28ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་2017ལོ་འཁོར་མོའི་གཞུང་ལས་པ་བསྡུ་རྒྱུའི་རྒྱུགས་ལེན་ལ་ཞུགས་རྒྱུ་དྲ་ཐོག་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་གྱི་ལས་ཀ་ཟླ་10ཚེས་26ཉིན་གྱི་ཆུ་ཚོད་18ཐོག་མཇུག་བསྒྲིལ་ཞིང་། རྒྱུགས་ལེན་ལ་ཞུགས་རྒྱུ་མིང་ཐོ་འགོད་མཁན་ཁྱོན་བསྡོམས་མི་གྲངས་ཁྲི་211.5ཡོད་པ་དང་། དེའི་ཁྲོད་མི་ཁྲི་148.63ཐོབ་ཐང་ཞིབ་བཤེར་བྱས་པ་བརྒྱུད་འོས་ཚད་ལོན་པ་རེད།
         ལོ་སྔོན་མ་དང་བསྡུར་ན། འདི་ལོའི་རྒྱལ་ཁབ་གཞུང་ལས་པ་བསྡུ་རྒྱུའི་རྒྱུགས་ལེན་ལ་ཞུགས་པར་སྔར་བཞིན་ཞུགས་མཁན་མང་བ་དང་། ལས་གནས་ཁ་ཤས་ཀྱི་འགྲན་ལེན་བསྡུར་ཚད་ནི་མི་ཁྲི་གཅིག་ཉེ་བ་ནས་མི་གཅིག་བསྡུ་ལེན་བྱ་རྒྱུ་རེད། འོན་ཀྱང་དེ་དང་དུས་མཚུངས་སུ་ལས་གནས་200ལས་བརྒལ་བར་ཐོབ་ཐང་ཞིབ་བཤེར་བྱེད་སྐབས་འོས་ཚད་ལོན་མཁན་མེད་པ་རེད། རྒྱལ་ཁབ་གཞུང་ལས་པ་བསྡུ་རྒྱུའི་རྒྱུག་ལེན་ལ་ཞུགས་པའི་ལས་གནས་རེ་འདོད་བྱེད་ཚུལ"མང་ཉུང་སྙོམས་པོ་མེད་པའི"གནས་ཚུལ་ལ་དམིགས་ནས་ཆེད་མཁས་པས་འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་ཐོག་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གནས་ཀྱི་མི་སེམས་འགུགས་ཤུགས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།