འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལོ་བརྒྱད་བསྟུད་མར་བོད་རིགས་ས་ཁུལ་
    ཁྲིམས་ཁང་གི་བོད་རྒྱ་སྐད་རིགས་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་28ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན། 2016ལོའི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་བོད་རིགས་ས་ཁུལ་ཁྲིམས་ཁང་གི་བོད་རྒྱ་སྐད་རིགས་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་རྒྱལ་ཡོངས་ཁྲིམས་ཁང་བོད་རྒྱ་སྐད་རིགས་གཉིས་ཀྱི་མཚོ་སྔོན་གསོ་སྦྱོང་རྟེན་གཞིར་གཉེར་ཞིང་། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་བོད་རིགས་ས་ཁུལ་གྱི་ཁྲིམས་ཁང་ནས་ཡོང་བའི་ཁྲིམས་དཔོན་46གསོ་སྦྱོང་ནང་ཞུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གསོ་སྦྱོང་ནང་མི་རིགས་རིགས་པའི་གཞུང་ལུགས་དང་། མི་རིགས་སྲིད་ཇུས། བོད་སྐད་ཀྱི་རྨང་གཞིའི་ཤེས་བྱ་སོགས་ཕྱོགས་བསྡུས་བྱང་ཚད་མཐོར་གཏོང་ཐད་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད་པ་དང་། ལྷག་པར་དུ་སྐད་རིགས་གཉིས་ཀྱི་ཐོག་ནས་ཁྲིམས་རར་འདྲི་གཅོད་དང་གཏུག་བཤེར་བྱེད་སྐབས་སྤྱོད་པའི་ཐ་སྙད་ཡིག་སྒྱུར་དང་ཁྲིམས་གཅོད་ཡིག་རིགས་ཡིག་སྒྱུར་སོགས་ཆེད་ལས་ཤེས་བྱ་འཆད་ཁྲིད་བྱ་རྒྱུ་འབུར་དུ་ཐོན་པར་བྱས་ཡོད། དུས་མཚུངས་སུ་སྐད་རིགས་གཉིས་ཀྱི་ཐོག་ནས་གྱོད་གཞི་ཞིབ་གཅོད་བྱ་རྒྱུའི་དགོས་མཁོ་གཞིར་བཟུང་སྐད་རིགས་གཉིས་ཀྱི་ཐོག་ནས་ཁྲིམས་རར་འདྲི་གཅོད་བྱེད་པར་ལྟ་སྦྱོང་དང་། སྐད་རིགས་གཉིས་ཀྱི་འདྲ་བཟོའི་ཁྲིམས་ར། བོད་སྐད་གཏམ་བཤད་འགྲན་བསྡུར། སྐད་རིགས་གཉིས་ཀྱི་ཁྲིམས་གཅོད་ཡིག་རིགས་དཔྱད་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་ཆེད་མངགས་གདན་དྲངས་པའི་བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་དབུས་གཙང་ས་ཁུལ་གྱི་བོད་སྐད་རྒྱག་སྲོལ་དང་དེ་བཞིན་ཁྲིམས་ལུགས་ཀྱི་ཐ་སྙད་ཡིག་སྒྱུར་བྱ་ཚུལ་ངོ་སྤྲོད་ཀྱང་བྱས་པ་རེད། ནང་དོན་ཕུན་སུམ་ཚོགས་པ་དང་བཀོལ་སྤྱོད་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་བའི་ད་རེས་ཀྱི་གསོ་སྦྱོང་ནི་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་རྒྱ་བོད་སྐད་རིགས་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་ཞིག་རེད།
         ད་བར་དུ་མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྒྱ་བོད་སྐད་རིགས་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་ལས་དོན་ལ་མཐོང་ཆེན་པོ་བྱས་པའི་ཁར། རྒྱལ་ཡོངས་ཁྲིམས་ཁང་གི་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལྟར། མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་ལས་དོན་གྱི་དགོས་མཁོ་དང་བསྟུན་ཏེ་གྲངས་ཉུང་མི་རིགས་ཀྱི་ཁྲིམས་དཔོན་དཔུང་ཁག་འཛུགས་སྐྱོང་དང་སྐད་རིགས་གཉིས་ཀྱི་འདྲི་གཅོད་ཤེས་ལྡན་པ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་འཛིན་དགོས་མཁོ་སྐོང་གང་ཐུབ་ཅི་ཐུབ་བྱས་ཡོད། ཐབས་མང་མཉམ་སྤྱོད་ཀྱིས་སྐད་རིགས་གཉིས་ཀྱི་འདྲི་གཅོད་ཤེས་ལྡན་པ་གསོ་སྐྱོང་མགྱོགས་པོ་བྱས་ཤིང་། ཁྲིམས་ཁང་གི་གདན་ཞུ་བསྡུ་སྤྱོད་ལམ་ལུགས་སྒྱུར་བཅོས་བྱས་ཏེ་གཞི་རིམ་གྱི་བོད་རིགས་ས་ཁུལ་ལ་ཕྱོགས་པའི་སྐད་རིགས་གཉིས་ཀྱི་ཤེས་ལྡན་པ་གདན་ཞུ་བསྡུ་སྤྱོད་བྱེད་རྒྱ་སྔར་བས་ཆེ་རུ་བཏང་བ་དང་། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་གསོ་སྦྱོང་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། ད་ཡོད་ཁྲིམས་དཔོན་གྱི་སྐད་རིགས་གཉིས་ཀྱི་གསོ་སྦྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ། བོད་རིགས་ས་ཁུལ་གྱི་ཁྲིམས་ཁང་ལ་འཆར་ཅན་གྱི་བོད་སྐད་སློབ་སྦྱོང་བྱེད་སྒོ་སྤེལ་རྒྱུའི་འབོད་སྐུལ་ཧུར་ཐག་བྱས་པ། བོད་ཀྱི་ཡུལ་སྐད་སྣ་ཚོགས་ཤེས་པའི་སྣ་འདུས་རྣམ་པའི་སྐད་རིགས་གཉིས་ཀྱི་ཁྲིམས་དཔོན་གསོ་སྐྱོང་ལས་དོན་ལ་མཐོང་ཆེན་བྱས་པ། མཐོ་རིམ་སློབ་གླིང་དང་སློབ་གྲྭ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་སྐད་རིགས་གཉིས་ཀྱི་གསོ་སྦྱོང་རྟེན་གཞི་བཙུགས་པ་མ་ཟད། ད་དུང་ཐབས་ལམ་མང་བ་དང་རྣམ་པ་སྣ་ཚོགས་ཀྱི་སྐད་རིགས་གཉིས་ཀྱི་འདྲི་གཅོད་ཤེས་ལྡན་པ་གསོ་སྐྱོང་གི་རྩ་བའི་བསམ་ཕྱོགས་ཤིག་ཀྱང་ཆགས་པར་བྱས་ཡོད་པ་རེད།
         2016ལོ་བར་མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལོ་བརྒྱད་བསྟུད་མར་བོད་རིགས་ས་ཁུལ་ཁྲིམས་ཁང་གི་རྒྱ་བོད་སྐད་རིགས་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེའང་མཚོ་སྔོན་ཁྲིམས་ཁང་གིས་ད་དུང་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའི་བཀའ་མངགས་དང་ལེན་ཐེངས་བཞི་པ་བྱས་ནས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་བོད་རིགས་ས་ཁུལ་ཁྲིམས་ཁང་གི་རྒྱ་བོད་སྐད་རིགས་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་ཞིག་ཀྱང་རེད། 2020ལོའི་གོང་དུ་སྐད་རིགས་གཉིས་ཀྱི་ཁྲིམས་དཔོན་1500གསོ་སྐྱོང་བྱས་ཏེ་ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་། ལས་སྒོའི་བྱང་ཚད་མཐོ་བ། གྲངས་འབོར་ཅུང་མང་བ། མི་རིགས་ས་ཁུལ་གྱི་འདྲི་གཅོད་ལས་དོན་གྱི་དགོས་མཁོ་རྩ་བའི་ཆ་ནས་སྐོང་ཐུབ་པ་བཅས་ཀྱི་སྐད་རིགས་གཉིས་ཀྱི་ཁྲིམས་དཔོན་དཔུང་ཁག་ཅིག་འཛུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།