འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རིན་ཆེན་ལྷ་མོས་རྒྱལ་ཡོངས་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་མའི་དཀའ་ཚད་
    འགྲན་བསྡུར་ནང་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་28ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སྐབས་24པའི་རྒྱལ་ཡོངས་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་ཧོ་པེ་ཞིང་ཆེན་གྱི་ཀའོ་པའེ་ཏན་གྲོང་ཁྱེར་དུ་མཇུག་བསྒྲིལ་བ་རེད། ཐེངས་འདིའི་ལེགས་སྐྱེས་འགྲན་བསྡུར་ནི་འདི་ལོའི་རྩལ་འགྲན་བྲག་འཛེག་ལུས་རྩལ་དེ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཚོགས་ཆེན་པོར་ཞུགས་རྗེས་ཀྱི་ཐེངས་དང་པོའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་ཆེ་མོ་ཞིག་ཡིན་པ་རེད། འགྲན་བསྡུར་ནང་བོད་རང་སྐྱོང་ལྗོངས་ཀྱི་འགྲན་ཞུགས་པ་རིན་ཆེན་ལྷ་མོས་སྐྱེས་མའི་དཀའ་ཚད་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་ས་གཤིས་སློབ་ཆེན་གྱི་ཝུ་ཧན་འཐུས་མི་རུ་ཁག་གི་ཉིའུ་ཏི་ཡིས་སྐྱེས་མའི་བྲག་འཛེག་གི་ཨང་དང་པོ་བླངས། ཧྲང་ཧའེ་ལུས་རྩལ་ར་བའི་བྲག་འཛེག་ལུས་རྩལ་ལྟེ་གནས་ཀྱི་ཀྲེ་ཧའེ་པིན་གྱིས་སྐྱེས་པའི་དཀའ་ཚད་འགྲན་བསྡུར་གྱི་ཨང་དང་པོ་བླངས། ཀྲུང་གོའི་ཞང་ཀང་གི་ཁྲེང་ཞུང་ཀྲི་ཡིས་སྐྱེས་པའི་བྲག་འཛེག་འགྲན་བསྡུར་གྱི་ཨང་དང་པོ་བླངས། ཉིང་ཕའོ་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་འཐུས་མི་རུ་ཁག་གི་ཀྲོང་ཆི་ཞིན་དང་ཧོ་ཚུའེ་ལེན་གཉིས་ཀྱིས་སྐྱེས་པ་དང་སྐྱེས་མའི་མྱུར་ཚད་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།