འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་རིགས་ས་ཁུལ་གྱིས་ཐོན་ལས་འདེགས་སྐྱོར་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་23ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ལོ་61ལ་སླེབས་པའི་རྡོ་རྗེ་གྲོང་ཚོའི་མདོར་བཞོན་མ་སྐྱེལ་མཁན་ཟོག་འདྲེན་རླངས་འཁོར་སྒུག་ནས་བསྡད་ཡོད་ཅིང་། ཁོང་གིས་མཉམ་ལས་ཁང་ལ་བཞོན་མ་4གསོ་རོགས་བྱས་ཤིང་། ཟླ་རེར་གླ་ཆ་སྒོར་2000ལེན་རྒྱུ་ཡོད་པས། དེ་ནས་བཟུང་མ་མཐའི་འཚོ་བ་འགན་ལེན་ཁོ་ནར་བརྟེན་དགོས་མེད་པ་རེད།
           རྡོ་རྗེ་སྡོད་ཡུལ་ཧུང་ཡོན་རྫོང་དམངས་སྲོལ་གྲོང་ཚོ་ནི་སི་ཁྲོན་རྔ་པ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་དབུས་སུ་གནས་པ་དང་། གྲོང་ཚོའི་ནང་གི་ཞིང་འབྲོག་ཆེད་ལས་མཉམ་ལས་ཁང་གི་ཐོན་ལས་གཞི་ཁྱོན་ཆེ་བས་གྲོང་ཚོ་ཡོངས་ཀྱི་དུད་ཚང་དབུལ་པོ་བཅུ་ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་བཞིན་ཡོད། ཧུང་ཡོན་རྫོང་ཙམ་མ་ཟད། སི་ཁྲོན་བོད་རིགས་ས་ཁུལ་ཡོངས་སུ“ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་དང་དམངས་ཡོངས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ”དེ་དབུལ་སྐྱོར་ལས་དོན་གྱི་བརྗོད་བྱ་གཙོ་བོར་གྱུར་ཡོད།
           ཐོན་ལས་དར་བར་སྔོན་ལ་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། ད་ཕན་ལོ་ཤས་རིང་། སི་ཁྲོན་བོད་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་མྱུར་པོ་བྱུང་བ་སྟེ། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་རིགས་ས་ཁུལ་དུ་གློག་དྲ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་310བཏང་ནས་གློག་མེད་པའི་དུད་ཚང་ཚང་མར་གློག་ཁྲིད་པ་དང་། གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་4.5ལྷག་ཙམ་ཟིན་པ་དང་གནམ་ཐང་4མང་དུ་སོང་ནས་ཤར་བགྲོད་སྟབས་བདེའི་འགྲིམ་འགྲུལ་སྒྲོམ་གཞི་ཞིག་ཆགས་པ། འབྲོག་པའི་གཞིས་ཆགས་འདུ་འགོད་དང་བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་བྱེད་པའི་ནང་སྡོད་ཁང་གསར་པ་ཁྲི་14.2བསྐྲུན་པས། ཞིང་འབྲོག་པ་ཁྲི་70ཙམ་གྱི་སྡོད་ཁང་གི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད།
         དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་གླིང་སྐོར་གྲོང་ཚོའི་གྲོང་མི་བཟོད་པས“ཆུ་ཚ་པོ་ཡོད་ལ་WiFiཀྱང་ཡོད་པས་ཧ་ཅང་སྟབས་བདེ་པོ་ཡོད”ཅེས་ཤོད་བཞིན་རང་ཁྱིམ་གྱི“བོད་ཁྱིམ་སྤྲོ་སྐྱིད་ཁང”སྒོ་འགྲམ་དུ་སེམས་རྩ་འཁོལ་པོས་འགྲུལ་པར་སྣེ་ལེན་ཞུ་བཞིན་འདུག གྲོང་ཚོའི་ནང་གློག་ཤར་གཏོང་ཐུབ་པ་ནས་བཟུང་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ་དང་། བཟོད་པའི་ཁྱིམ་གྱི་འགྲུལ་ཁང་རྟག་ཏུ་ཁེངས་ཀྱི་ཡོད་པ་རེད། ཁོང་གིས་ཉལ་ཁྲི་5ནས་20བར་མང་དུ་བཏང་བས་ལོ་རེར་ཡུལ་སྐོར་ཡོང་འབབ་ཀྱང་སྒོར་ཁྲི་4བར་མང་དུ་སོང་ཡོད། སི་ཁྲོན་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། རྨང་གཞིའི་སྒྲིག་བཀོད་ཀྱི་དཀའ་གནད་རིམ་བཞིན་བསལ་བ་དང་སྦྲགས་ཞིང་འབྲོག་པའི་ཡུལ་སྐོར་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་པ་རེད། ན་ནིང་། སི་ཁྲོན་བོད་རིགས་ས་ཁུལ་དུ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་393ཙམ་ཟིན་པ་དང་ཞིང་འབྲོག་པ་ཁྲི་13འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
          ཐོན་ལས་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱེད་པར་ཏང་ཡོན་གྱིས་སྔོན་ལ་སྣེ་འཁྲིད་དགོས་ཤིང་། རྔ་པ་ཀྲོའུ་ཟུང་ཆུ་རྫོང་མགོ་སྐྱ་གྲོང་ཚོས“ཀྲི་པུའུ་དང་རྟེན་གཞི་ཟུང་འབྲེལ”གྱི་བྱ་ཐབས་ལ་བརྟེན་ནས་བོད་ཕག་གསོ་ཚགས་བྱས་པས། ཚོང་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན་པ་རེད། དུད་ཚང་དབུལ་པོ་30ལྷག་ཙམ་གྱིས་དེ་མཐོང་རྗེས་ཚང་མས་གསོ་ཚགས་ནང་ཞུགས་རྒྱུའི་རེ་བ་བཏོན། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་འོད་པས་ཡིད་ཆེས་ཀྱིས་ཁེངས་བཞིན“ཏང་ཡོན་ཚོས་སྔོན་ལ་ཚོད་ལྟ་བྱས་ཤིང་། དེ་རྗེས་དུད་ཚང་དབུལ་པོ་གསོ་ཚགས་ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་ཡོད”ཅེས་བཤད། མགོ་སྐྱ་གྲོང་ཚོར་ཕག་ཚང་སྨི་ངོས་གྲུ་800ལྷག་ཙམ་བསྐྲུན་ཟིན་པ་དང་དུད་ཚང་དབུལ་པོ་ཚང་མར་ལོ་ལྟར་ཁེ་འབབ་སྒོར་3000ལྷག་ཙམ་ཐོབ་ཀྱི་ཡོད་པ་རེད།
          དཀར་མཛེས་ཀྲོའུ་རོང་བྲག་རྫོང་ལ་ཨོད་སོན་གྲོང་ཚོ་གསུམ་པའི་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་མའོ་ཝུན་པིན་གྱིས“ཕྱུགས་རིགས་གསོ་ཚགས་བྱེད་ཀྱི་ཡོད་ལ་ཀྲུང་ལུགས་སྨན་རྩྭ་དང་བཟའ་བྱའི་ཤ་མོ་བཏབ་ནས་དུད་ཚང་དབུལ་པོ་ཚང་མ་ཐོན་ལས་འཕེལ་རྒྱས་ནང་བཅུག་ཡོད་པས། ན་ནིང་གྲོང་ཚོ་འདིའི་དུད་ཚང་དབུལ་པོ་30ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད”ཅེས་བཤད།
           ལོ་22ལ་སླེབས་པའི་མེ་ཏོག་ལྷ་མོ་ནི་རྔ་པ་ཀྲོའུ་འཛམ་ཐང་རྫོང་རྩང་ཁོག་ཤང་ནས་ཡིན་ཞིང་། ཁོ་མོས“གསོ་སྦྱོང་ནང་ཞུགས་རྗེས་སེམས་ཤུགས་ཆེ་རུ་ཕྱིན་སོང”ཞེས་བཤད། ཞིང་ཆེན་ནས་སྒྲིག་འཛུགས་བྱས་པའི་བོད་རིགས་ས་ཁུལ་གྱི་ལས་ཞུགས་དང་ཐོན་ལས་འཕེལ་རྒྱས་ཀྱི་གསོ་སྦྱོང་ནང་ཁོ་མོ་ཐེངས་གཉིས་ཞུགས་ཤིང་། ཤང་དུ་ལོག་མ་ཐག་ཁོ་མོས་འགྲུལ་ཁང་གཉེར་མཁན་ཡུལ་མི་ཚོར་རང་ཉིད་ཀྱིས་སྦྱངས་པའི་ཡུལ་སྐོར་ཐོན་ལས་ཤེས་བྱ་འགྲེལ་བཤད་བརྒྱབ། “ཡུལ་སྐོར་སྣེ་ལེན་ཁང་གཉེར་བར་ད་དུང་འཕྲོད་བསྟེན་ཚད་གཞི་དང་རིན་གོང་ཚད་གཞི་ཡོད་པ་དེ་སྔ་དངོས་གནས་ཤེས་ཀྱི་མེད”ཅེས་ཡུལ་མི་ཚོས་ཧང་སངས་པའི་ངང་བཤད།
          འཇོན་ཐང་ཅན་མང་དུ་ཕྱིན་ན་གཞི་ནས་ཐོན་ལས་དར་ཐུབ། ཐོན་ལས་འཕེལ་རྒྱས་ཐད་འཇོན་ཐང་ཅན་གྱི་སྒུལ་ཤུགས་སྣོན་ཆེད། སི་ཁྲོན་གྱིས་འདི་ལོ་བོད་རིགས་ས་ཁུལ་གྱི་མང་ཚོགས་སྒྲིག་འཛུགས་ཐེངས་མང་བྱས་ནས་འབྲེལ་ཡོད་གསོ་སྦྱོང་བྱས་ཐོག་གྲངས་ཉུང་མི་རིགས་ཀྱི་ཐོན་ལས་སྣེ་ཁྲིད་པ་གསོ་སྐྱོང་བྱས་ནས་བོད་རིགས་ས་ཁུལ་གྱི་ཐོན་ལས་རྒྱུན་མཐུད་སྟོབས་ཆེ་དང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།