འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གཙོ་གནད་ཚོཌ་སྤྱིའི་གསོན་ཤུཌ་འཕེལ་བར་བྱས་ནས་གྲོང་ཁྱེར་
    དང་གྲོང་གསེབ་ཀྱི་ཡུལ་མིའི་འབབ་འཕར་ལ་སྣེ་ཁྲིད་བྱ་རྒྱུའི་སྐོར་གྱི་ལག་
    བསྟར་བསམ་འཆར་》བཀྲམ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་23ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གཙོ་གནད་ཚོགས་སྤྱིའི་གསོན་ཤུགས་འཕེལ་བར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འབབ་འཕར་ལ་སྣེ་ཁྲིད་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)བཀྲམ་ནས། གཙོ་གནད་ཚོགས་སྤྱིར་ལྕག་སྐུལ་འཆར་གཞི་བཟོས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་སྤྱིའི་ཡོང་འབབ་འཕར་རྒྱུར་ཁྲིད་སྟོན་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
          《བསམ་འཆར་》ནང་ནན་བཤད་བྱས་དོན། ལྕག་སྐུལ་བྱེད་ཐབས་སྣ་མང་ཟུང་འབྲེལ་དང་། འབབ་འཕར་ཐབས་ལམ་མང་པོ་ཟུང་འབྲེལ། འབབ་འཕར་སྐུལ་གཏོང་དང་མ་གནས་ཆུང་དུ་གཏོང་བ་ཟུང་འབྲེལ། འབབ་འཕར་ཕྱུག་འགྱུར་དང་ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུ་ཟུང་འབྲེལ། ཧུར་བརྩོན་ལས་སྒྲུབ་དང་འཁོས་དཔག་ལས་སྒྲུབ་ཟུང་འབྲེལ་སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། 2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གཞི་ཁྱོན་རིམ་གྱིས་ཆེ་རུ་བཏང་ནས། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུ་དང་ལས་ཞུགས་སྤུས་ཚད་བརྟན་པོའི་ངང་མཐོར་འདེགས་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་ཡོང་འབབ་དེ་2020ལོ་ལས་ལྡབ་གཅིག་འཕར་རྒྱུ། སྤྱི་ཁོག་གི་ཡོང་འབབ་བགོ་བཤའི་རྣམ་པ་ཟམ་མི་ཆད་པར་བཟང་སྒྲིག་གིས་ཡུལ་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུ། ཡུལ་མི་ནང་ཁུལ་གྱི་ཡོང་འབབ་ཀྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་བཏང་ནས་ཡོང་འབབ་འབྲིང་ཙམ་ལེན་མཁན་གྱི་བསྡུར་ཚད་མཐོ་རུ་འགྲོ་རྒྱུ་དང་། ད་ལྟ་ལག་བསྟར་བྱེད་པའི་ཚད་གཞི་ལྟར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཡོངས་དབུལ་སྒྲོལ་ཐུབ་ནས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་རགས་ཙམ་ཞིག་ཆགས་པར་བྱེད་དགོས།
         《བསམ་འཆར་》ནང་བསྟན་དོན། འབབ་འཕར་གྱི་གཏིང་ཤུགས་དང་སྐུལ་ཁྲིད་ནུས་པ་ཆེ་བའི་ཚོགས་སྤྱི་ཆེ་གྲས་བདུན་ལ་ལྕག་སྐུལ་གྱི་འཆར་གཞི་ལག་བསྟར་བྱེད་པ་དང་། ཧེ་བག་ཡོད་པའི་ཡོང་འབབ་བགོ་བཤའི་ལྕག་སྐུལ་སྲིད་ཇུས་བཏོན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་སྤྱི་ཡོངས་ནས་འབབ་འཕར་ཡོང་བར་སྣེ་ཁྲིད་བྱེད་དགོས་པ་སྟེ། གཅིག་ནི་མང་ལས་མང་ཐོབ་དང་ལག་རྩལ་མཐོ་བར་ཐོབ་ཆ་མང་པོ་སྤྲོད་པའི་རྩལ་ནུས་ཤེས་ལྡན་པའི་ཡོང་འབབ་བགོ་བཤའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གཉིས་ནི་ལས་རིགས་གསར་པའི་ཞིང་པར་གསོ་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རིགས་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་གཏོང་བ། གསུམ་ནི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་། རྣམ་གྲངས་ཀྱིས་ལྕག་སྐུལ། གྲུབ་འབྲས་གཞན་སྒྱུར་གྱི་བྱ་དགའ་སོགས་ལྕག་སྐུལ་མང་པོ་བྱེད་པར་བརྟེན་ནས་ཚན་ཞིབ་མི་སྣས་སེམས་རྣལ་དུ་ཕབ་སྟེ་ཞིབ་འཇུག་ལས་དོན་སྒྲུབ་རྒྱུར་ཁྲིད་སྟོན་བྱེད་པ་དང་ཚན་རྩལ་གསར་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ། བཞི་ནི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་པའི་ལས་གཏོད་མ་གནས་སྔར་བས་དམའ་རུ་བཏང་ནས་གསར་གཏོད་ལས་གཏོད་ཀྱི་གྲུབ་འབྲས་དང་ཁེ་སྤོགས་བགོ་བཤའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལྔ་ནི་རྒྱུ་ནོར་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྔར་བས་སྔོན་དཔག་བརྟན་གཏོང་དང་ཁོར་ཡུག་ལེགས་སྒྱུར་གྱིས་ཁེ་ལས་མཁས་ཅན་གྱི་ལས་གཏོད་སྤྲོ་སེམས་འཕེལ་བར་བྱེད་པ། དྲུག་ནི་གླ་ཕོགས་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཧེ་བག་ཡོད་པའི་ལྕག་སྐུལ་བྱེད་ཐབས་ལག་བསྟར་བྱེད་པ་དང་། ཀུན་གསལ་གྱི་ཕན་བདེ་འགན་སྲུང་ལམ་ལུགས་བཟོ་བ། གཞི་རིམ་ལས་བྱེད་པའི་དཔུང་ཁག་གི་ལས་ཀའི་ཧུར་སེམས་འདོན་སྤེལ་བྱེད་པ། བདུན་ནི་ངལ་རྩོལ་ནུས་པ་ལྡན་པའི་མ་མཐའི་འགན་བཅོལ་བྱ་ཡུལ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ། དེ་བཞིན་དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ལྕག་སྐུལ་གཏོང་བ་དང་ཁྲིད་སྟོན་བྱས་ནས། ཐོན་སྐྱེད་ངལ་རྩོལ་ནང་རང་འགུལ་ངང་ཞུགས་པ་དང་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་ཡོང་འབབ་མང་དུ་གཏོང་བ་བཅས་བྱེད་དགོས།
          《བསམ་འཆར་》ནང་ལས་ཞུགས་ཡར་སྐུལ་དང་། ལས་རིགས་རྩལ་ནུས་མཐོར་འདེགས། འགན་སྲུང་མཐར་ཕྱིན། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཀྱི་འབྱུང་ཁུངས་གཏོད་པ། ཡོང་འབབ་བགོ་བཤའི་སྒྲིག་སྲོལ་ཚད་ལྡན་བཟོ་བ། ཡོང་འབབ་ལྟ་སྐུལ་ཚད་ལེན་ནུས་པ་མཐོར་གཏོང་བཅས་ཚུད་པའི་འདེགས་སྐྱོར་བྱ་སྤྱོད་ཆེ་གྲས་དྲུག་བཏོན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འབབ་འཕར་ཡོང་བ་དང་ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་ཆེད་ཞབས་ཞུའི་འདེགས་སྐྱོར་དང་། ནུས་པའི་འདེགས་སྐྱོར། ལག་རྩལ་གྱི་འདེགས་སྐྱོར་བཅས་བྱ་རྒྱུ་ཡིན་པ་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།