འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱིས་ཁོར་ཡུག་ལ་དྲ་མིག་ཅན་གྱི་དོ་དམ་དང་ལྟ་སྐུལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་23ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་སྣོད་བཅུད་བཟང་བའི་ཡུལ་ཤུལ་བསྐྲུན་རྒྱུར་འགན་ལེན་ནུས་ལྡན་བྱ་ཆེད། འདི་ལོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་ཐབས་སྔར་བས་གསར་གཏོད་བྱས་ཏེ“གོང་འོག་དང་གཡས་གཡོན་གང་སར་ཁྱབ་པའི”ཁོར་ཡུག་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་ཅིག་བཏོད་པ་དང་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས“སྲིད་གཞུང་གིས་སྤྱི་འདོམས་འགོ་ཁྲིད་དང་། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་མཐུན་སྦྱོར་ལྟ་སྐུལ་དོ་དམ། འབྲེལ་ཡོད་སྡེ་ཚན་གྱིས་རང་ངོས་ཀྱི་འགན་འཁྲི་འཁུར་བ། སྤྱི་ཚོགས་ལས་རིགས་ཁག་རྒྱ་ཁྱབ་ངང་ཞུགས་པ”བཅས་ཀྱི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་ཀའི་ལམ་སྲོལ་ཞིག་ཆགས་ཡོད།
         དྲ་མིག་དབྱེ་འབྱེད་དང་འགན་འཁྲི་ལག་ལེན་བསྟར་ནས་ཁོར་ཡུག་ལ་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་སྟངས་བཏོད་པས་རིམ་པ་བཞིན་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་ཞིག་ཆགས་ཤིང་། རིམ་པ་དེ་གའི་ཁོངས་གཏོགས་ཀྱི་ཁོར་ཡུག་ཁྲིམས་འགལ་བྱེད་སྤྱོད་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། ཀྲོའུ་ཐད་གཏོགས་འབྲེལ་ཡོད་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་མཁན་འགན་ནུས་སྡེ་ཚན་སྒྲིག་འཛུགས་ཀྱིས་ལྟ་སྐུལ་དོ་དམ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་སྐོར་ཞིབ་ལ་ཤུགས་བརྒྱབ་པ་རེད། ཀྲོའུ་ཁོངས་གཏོགས་ཀྱི་ཡུལ་ཤུལ་དང་། ཁྲི་འདུ། ནང་ཆེན། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་གྲོང་ཁྱེར་དང་རྫོང་དྲུག་གིས་ཁོངས་གཏོགས་ཁུལ་དེའི་ནང་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འཆར་གཞི་དང་ལས་འགན་སྒྲུབ་རོགས་བྱས་ནས་ལྟ་སྐུལ་དོ་དམ་གྱི་ཇུས་གཞི་བཟོས་པ་དང་། གོང་རིམ་གྱིས་རྩིས་སྤྲད་པའི་ཁོར་ཡུག་སྦགས་བཙོག་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱས་པ། དྲ་མིག་ཅན་གྱི་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་རེའུ་མིག་ཏུ་བཀོད་པ། རྒྱུན་གཏན་གྱི་ཁོར་ཡུག་ལྟ་སྐུལ་དོ་དམ་ལ་ཁྲིམས་འཛིན་ལས་འགན་འཁུར་བ་བཅས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
          དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་དང་འཁོར་རྒྱུག་ལྟ་སྐུལ་ལ་ཤུགས་བརྒྱབ་ནས་ཁོངས་གཏོགས་ཁུལ་གྱི་སྦགས་བཙོག་འབྱུང་རྩར་ས་ཁོངས་དང་། མི་སྣ། འགན་འཁྲི། ལས་འགན། བྱ་དགའ་ཆད་གཅོད་བཅས་གཏན་འཁེལ་བཟོས་ཏེ་རིམ་ཁག་དྲ་མིག་དབར་འགན་འཁྲིའི་ཡི་གེ་བཞག་པ་དང་། ཀྲོའུ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་ཁག་དབར་གཞོགས་འདེགས་དམ་ཟབ་བྱས་ནས་མཉམ་འགུལ་ལམ་སྲོལ་བཙུགས་ཡོད། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ཁྲིམས་ལུགས་ལྟ་སྐུལ་དང་། སྒྲིག་བཤེར་ལྟ་སྐུལ་སྡེ་ཚན་གྱི་སྲིད་འཛིན་ལྟ་སྐུལ། དམངས་ཡོངས་ལྟ་སྐུལ་ནང་ཞུགས་པ། གསར་འགྱུར་སྨྱན་སྦྱོར་གྱི་གླེང་ཕྱོགས་ལྟ་སྐུལ་སོགས་ཀྱི་ལམ་སྲོལ་བཙུགས་ནས་དྲ་མིག་གི་འགན་འཁྲི་དོན་འཁྱོལ་དང་ལས་འགན་འཁུར་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།