འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ལེགས་འབྲས་བུ་སྨིན། བཞིན་ནས་འཛུམ་མདངས་འཕྱུར། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལོ་ལེགས་འབྲས་བུ་སྨིན། བཞིན་ནས་འཛུམ་མདངས་འཕྱུར།
         མི་དམངས་དྲ་བའི་འཕྲིན། ཟླ་བཅུ་པར“གཙང་གི་འབྲུ་མཛོད”ཅེས་གྲགས་པའི་གཞིས་རྩེ་གྲོང་ཁྱེར་གྱི་གང་སར་ལོ་ལེགས་ཀྱི་རྣམ་པས་ཁེངས་ནས་གཡུལ་ཁའི་ནང་འཕྲུལ་འཁོར་གྱི་སྒྲ་འུར་འུར་དུ་གྲགས་པ་དང་ཞིང་པའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་མཆིས།
         གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ན་རོང་ཤང་འཐུ་རུ་གཞུང་གྲོང་ཚོའི་རྩིས་པ་རྒྱགས་ལོད་ཀྱིས“འདི་ལོ་ཆར་ཆུ་འབེལ་བས་ལོ་ལེགས་ཀྱང་ཡག་པོ་འདུག་ལ་ན་ནིང་ལས་7%འཕར་འདུག”ཅེས་བཤད། འཐུ་རུ་གཞུང་གྲོང་ཚོའི་ཞིང་ལས་སྐྱེ་དངོས་ཀྱི་རྒྱ་ཁྱོན་མུའུ་1176ཟིན་པ་དང་ལོ་རེར་ཆ་སྙོམས་འབྲུ་རིགས་ཐོན་འབོར་སྤྱི་ཆིང་ཁྲི་40ལྷག་ཙམ་ཟིན་ཅིང་། འདི་ནི་ཞིང་པ་ཚོས་ཚ་ཚ་འུར་འུར་ངང་གཡུལ་ལས་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།