འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཁེ་ལས་མང་པོ་ཞིག་རྒྱལ་ཡོངས་ཀྱི་སྤུས་ཚད་ཡག་ཤོས་ཀྱི་ཁེ་ལས་གྲས་སུ་ཚུད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་23ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་སྤུས་ཚད་མཐུན་ཚོགས་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས་སོགས་ཀྱིས་མཉམ་འབྲེལ་ཐོག“རྒྱལ་ཡོངས་ཀྱི་སྤུས་ཚད་དོ་དམ་ཚོགས་ཆུང་གི་འཐུས་མིའི་ཚོགས་འདུ་ཐེངས་38པ”འཚོགས་ཤིང་། ཚོགས་ཆེན་ཐོག་2016ལོའི་རྒྱལ་ཡོངས་ཀྱི་སྤུས་ཚད་ཡག་ཤོས་ཀྱི་དོ་དམ་ཚོགས་ཆུང་ལ་གཟེངས་བསྟོད་བྱས་པ་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་ཡག་ཤོས་དོ་དམ་བྱེད་སྒོའི་གྲུབ་འབྲས་མཉམ་སྤྱོད་དང་སྤེལ་རེས་བྱས་པ་དེའི་ནང་བོད་ཀྱི་ཁེ་ལས་10ལ་བྱ་དགའ་ཐོབ་པ་མ་ཟད། རྒྱལ་ཡོངས་ཀྱི་སྤུས་ཚད་ཡག་ཤོས་ཀྱི་ཁེ་ལས་གྲས་སུ་ཡང་ཚུད་ཡོད་པ་རེད།
          ཚོགས་ཆེན་ཐོག་ལོ་འཁོར་འདིའི་རྒྱལ་ཡོངས་ཀྱི་སྤུས་ཚད་དོ་དམ་ཚོགས་ཆུང་གི་བྱེད་སྒོའི་ཐོག་ཐོན་པའི་ཁེ་ལས་རྩེ་གྲ་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་ཡག་ཤོས་དོ་དམ་ཚོགས་ཆུང་། གཟེངས་སུ་ཐོན་པའི་འགོ་ཁྲིད་པ། དེ་བཞིན་ཕུལ་བྱུང་སྐུལ་འདེད་པ་བཅས་ལ་གཟེངས་བསྟོད་བྱས་པ་རེད། བོད་རང་སྐྱོང་ལྗོངས་སྤུས་ཚད་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཚོགས་དུའི་ཐོག་བོད་ལྗོངས་གསེར་གྱི་ཁ་བཏགས་རའི་ཁུ་ལུའི་ཐོན་རྫས་ཚད་ཡོད་ཀུང་སི་དང་། ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སི། བོད་ལྗོངས་ཀའོ་ཀྲེན་ཨར་ལས་་རྒྱུ་ཆ་ཚད་ཡོད་ཀུང་སི་སོགས་ཁེ་ལས་10ལྷག་ཙམ་ལ་བྱ་དགའ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།