འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།“ངའི་རེ་བར་གྲོགས་པོ་དེ་བས་མང་བ་ཀྲུང་གོར་སྨྱུག་སླས་སྦྱོང་བར་ཡོང་རོགས་བྱས་ན་སྙམ”

    —— སི་ཁྲོན་དུ་ཨ་ཧྥེ་རི་ཁའི་སློབ་མ་19ཡིས་རྩེར་སོན་གྱི་སྨྱུག་སླས་ལག་རྩལ་སྦྱངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་23ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན་གྱི་སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་སའེ་མིའར·ས་པ་དང་ཁོང་གི་གྲོགས་པོ་སྤྲོ་བ་རབ་ཏུ་འཕེལ། འདས་པའི་ཟླ་བ་གཉིས་རིང་། ཁོང་ཚོས་ཀྲུང་གོར་བརྗེད་པར་དཀའ་བའི་ཉིན་མོ་སྐྱེལ་མྱོང་ཡོད་ལ། རྨི་ལམ་དུའང་ཐོབ་རེ་བྱེད་པའི་འཛམ་གླིང་གི་རྩེར་སོན་སྨྱུག་སླས་ལག་རྩལ་ཡང་སྦྱངས་པ་རེད།
         སའེ་མིའར·ས་པ་ནི་ཀག་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་སྨྱུག་སླས་འཕེལ་རྒྱས་རྣམ་གྲངས་པུའི་ཀྲུའུ་རེན་རེད། ཟླ་བ་གཉིས་གོང་ཀྲུང་གོའི་རྒྱལ་ཁབ་ནགས་ལས་ཅུས་རྒྱལ་སྤྱིའི་སྨྱུག་སླས་ལྟེ་གནས་ཀྱི་རོགས་རམ་འོག་ས་པ་དང་ཁོང་གི་སྤུན་ཟླ་18ཀྲུང་གོའི་སི་ཁྲོན་ཆིང་ཧྲེན་རྫོང་དུ་བསྐྱོད་དེ་ཀག་ནའི་སྨྱུག་སླས་ཐོན་རྫས་གསར་སྤེལ་དང་ལས་སྣོན་ལག་རྩལ་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཁག་དང་པོར་གྱུར།
         ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་གོའི་སྨྱུག་སླས་སྒྱུ་རྩལ་གྱི་ཕ་ཡུལ”དང“རྒྱལ་སྤྱིའི་སྨྱུག་སླས་ཕ་ཡུལ”ཞེས་འབོད་སྲོལ་ཡོད་པའི་ཆིང་ཧྲེན་རྫོང་གི“ཆིང་ཧྲེན་སྨྱུག་སླས”ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་ཐོའི་ནང་བཅུག་པ་དང་ཆབས་ཅིག རྒྱལ་སྤྱིའི་སྨྱུག་སླས་རྩ་འཛུགས་ཀྱི་གསོ་སྦྱོང་རྟེན་གཞི་གལ་ཆེན་ཞིག་ཀྱང་རེད།
         “ང་ཚོ་ཚང་མ་ཀག་ནའི་སྨྱུག་མའི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པའི་ས་གནས་ནས་ཡོང་བ་ཤ་སྟག་ཡིན” ས་པ་ཡིས་ང་ཚོ་སློབ་མ་19ཡི་ཁྲོད་ཁག་གཅིག་ནི་སྲིད་གཞུང་གི་དཔོན་རིགས་དང་ཁག་གཅིག་ནི་ཁེ་ལས་ཀྱི་སྦྱིན་བདག་རེད། ཚང་མ་སྨྱུག་མའི་ཐོན་ལས་དང་འབྲེལ་བའི་ལས་ལ་ཞུགས་རུང་། སྨྱུག་སླས་ལག་རྩལ་ལག་ལེན་དང་སྤྱོད་སྟངས་ཐད་ཁོང་ཚོ་ཚང་མར་རྒྱུས་མངའ་གཅིག་ཀྱང་མེད་ཅེས་བཤད།
         ལོ་47ལ་སོན་པའི་ཨ་ཏེ་ལའེ་ནི་ད་ཐེངས་ཀྱི་སློབ་མའི་ཁྲོད་ཀྱི་བུ་མོ་འབའ་ཞིག་དེ་རེད། ཁོང་གིས་ཕ་ཡུལ་དུ་སྨྱུག་སླས་ཐོན་རྫས་ཀྱི་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཡོད། “ང་ཚོའི་ལག་རྩལ་ཞན་པ་དང་ཐོན་རྫས་ཀྱང་སྟབས་བདེ་རེད། སི་ཁྲོན་དུ་སླེབས་རྗེས་སྨྱུག་མར་དབྱེ་བ་ཞིབ་ཕྲ་དང་ཐོན་རྫས་ཀྱང་མང་པོ་དེ་འདྲ་ཡོད་པ་གཞི་ནས་ཤེས་བྱུང”ཞེས་ཨ་ཏེ་ལའེ་ཡིས་མྱོང་ཚོར་ཆེན་པོས་བཤད།
         སློབ་མའི་བརྩམས་ཆོས་འགྲེམས་སྟེགས་ཐོག་སྨྱུག་སླས་ཐོན་རྫས་ཀྱི་སྣ་ཁ་མང་ཁར། བཟོ་ལྟ་ཡང་ཧ་ཅང་སྙིང་རྗེ་པོ་འདུག ཨ་ཏེ་ལའེ་ཡིས་ང་ཚོས་སྨྱུག་སླས་ཐོན་རྫས་འདི་འདྲ་བཟོ་ཐུབ་པ་རང་ཉིད་ཀྱི་བསམ་ཡུལ་ལས་འདས་སོང་ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་མ་ཐོན་བར་སློབ་མ་19ཡིས་སྨྱུག་སླས་ཐོན་རྫས་300ལྷག་ཙམ་དང་སྨྱུག་མའི་ཁྱིམ་ཆས་100ལྷག་ཙམ་བཟོས་ཡོད།
         སྨྱུག་སླས་ལག་རྩལ་སྦྱངས་པ་ཕུད། ས་པ་ཡིས་ང་ཚོས་ད་དུང་ཕིང་ཕང་སྤོ་ལོ་རྒྱག་པ་དང་། ཐང་རྒྱལ་རབས་ཀྱི་སྙན་ངག་ཀློག་པ། སྟབས་བདེའི་རྒྱ་སྐད་སྦྱོང་བ་བཅས་བྱེད་ཀྱི་ཡོད། “ཀྲུང་གོའི་རིག་གནས་གཏིང་ཧ་ཅང་ཟབ་པོ་འདུག ཟླ་བ་གཉིས་འདི་ང་ཚོའི་ངོས་ན་བརྗོད་ན་ཧ་ཅང་ངོ་མཚར་ཆེ་བ་ཞིག་རང་རེད་འདུག ངའི་བསམ་པར་གྲོགས་པོ་དེ་བས་མང་བ་ཀྲུང་གོར་སྨྱུག་སླས་སྦྱོང་བར་ཡོང་རོགས་བྱས་ན་སྙམ་གྱི་འདུག”ཅེས་གསར་འགོད་པར་བཤད།
         “ང་ནང་དུ་ལོག་རྗེས། ལམ་སེང་ཨ་མར་སྨྱུག་མའི་ལྟོ་ཕད་ཅིག་སླ་ཡི་ཡིན། ངའི་བསམ་པར་དེ་ནི་ལག་རྟགས་ཧ་ཅང་ཡག་པོ་ཞིག་རེད་སྙམ་གྱི་འདུག”ཅེས་ཨ་ཏེ་ལའེ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།