འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལིའུ་ཡན་ཏུང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་
    ཀྱི་སློབ་གྲྭར་ལྟ་ཞིབ་བྱེད་མཁན་གདན་ཞུས་ལས་དོན་ཚོགས་འདུ་སྐབས་བཅུ་པར་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་23ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ལིའུ་ཡན་ཏུང་གིས་ཚེས་20ཉིན་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་ཀྱི་སློབ་གྲྭར་ལྟ་ཞིབ་བྱེད་མཁན་གདན་ཞུས་ལས་དོན་ཚོགས་འདུ་སྐབས་བཅུ་པར་ཞུགས་སྐབས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ལྟ་སྐུལ་མཛུབ་ཁྲིད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་འགན་འཁྲི་སྒྲུབ་པ་བཅས་བྱས་ནས། སློབ་གསོ་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་གཏོང་རྒྱུར་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
          ལིའུ་ཡན་ཏུང་གིས། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ནི་བཅའ་ཁྲིམས་ལྟར་སློབ་གསོ་སྐྱོང་རྒྱུ་ལག་བསྟར་དང་སློབ་གསོའི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། མི་དམངས་ཡིད་ཚིམས་པའི་སློབ་གསོ་གཉེར་རྒྱུ་དམིགས་ཚད་དུ་བཟུང་ཐོག་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོ་དོ་དམ་དང་གཉེར་སྐྱོང་དང་དཔྱད་དཔོག་བཅས་ཀྱི་འགན་ནུས་སོ་སོར་དབྱེ་རྒྱུར་སྐུལ་འདེད་གཏོང་བ། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སློབ་གྲྭར་དོ་དམ་དང་སློབ་གསོ་སྒྱུར་བཅོས་ཁྲོད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་པ་དང་། སློབ་གྲྭར་ལྟ་ཞིབ་བྱེད་སྟངས་གསར་གཏོད་བྱེད་པ་དང་། ཚོད་སྐོར་ལྟ་ཞིབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭར་ལྟ་ཞིབ་འགན་འཁྲི་དོན་འཁྱོལ་བྱེད་པ། ཕྱོགས་གསུམ་པར་ཚོད་སྐོར་བྱེད་དུ་འཇུག་པ་བཅས་བྱས་ནས་སློབ་གྲྭ་གཉེར་རྒྱུ་ཚད་ལྡན་དུ་གཏོང་དགོས་པ། ས་གནས་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྒྲིག་གཞི་འཐུས་ཚང་དང་། སྟོབས་ཤུགས་འདང་ངེས། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་གཏོང་བཅས་བྱས་ཏེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་དབང་གྲགས་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་དང་ཆབས་ཅིག རྒྱལ་ཁབ་ཀྱི་སློབ་གྲྭར་ལྟ་ཞིབ་སྒྲིག་གཞི་ཁག་ལ་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་ལག་བསྟར་ནན་པོ། གསར་གཏོད་བྱེད་ཕོད་པ། གཞི་རིམ་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བཏོན་གནང་བ་རེད།
         རྒྱལ་ཁབ་ཀྱི་སློབ་གྲྭར་ལྟ་ཞིབ་བྱེད་མཁན་གདན་ཞུ་ལས་དོན་ཚོགས་འདུ་སྐབས་བཅུ་པར་ལྟ་ཞིབ་པ་243གདན་ཞུ་བྱས་ཡོད་པ་དང་། མིག་སྔར་རྒྱལ་ཡོངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་པ་ཁྲི་14ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁྲི་30ལ་སློབ་གྲྭར་ལྟ་ཞིབ་འགན་འཁུར་བ་བཀོད་སྒྲིག་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།