འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་ཁོངས་སུ་ས་ཡོམ་རིམ་པ་4.4བྱུང་རྗེས་སུ་འཕྲོ་ལུས་ས་
    ཡོམ་ཐེངས་5བྱུང་བ།

    ཅང་སུའུ་ཞིང་ཆེན་གྱིས་རིམ་པ་གསུམ་པའི་ས་ཡོམ་ལ་འཕྲལ་བསྟུན་བྱ་ཐབས་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ཉིན་གྱི་སྔ་དྲོར་ཅང་སུའུ་ཞིང་ཆེན་ས་ཡོམ་རྟོག་དཔྱོད་ཅུས་ཀྱིས་བརྡ་ཁྱབ་བཏང་བ་ལྟར་ན། ཚེས་20ཉིན་ཅང་སུའུ་ཞིང་ཆེན་བྱང་རྒྱུད་ཡན་ཁྲེང་གྲོང་ཁྱེར་ཧྲེ་དབྱང་རྫོང་དུ་ས་ཡོམ་རིམ་པ་4.4བྱུང་ནས་ཉིན་དེའི་ཆུ་ཚོད་7གྱི་བར་དུ་འཕྲོ་ལུས་ས་ཡོམ་ཐེངས་5བྱུང་བ་དང་ཆེ་ཤོས་རིམ་པ་M0.9དང་ཆུང་ཤོས་རིམ་པ་ M0.1བྱུང་བ་རེད། ཅང་སུའུ་ཞིང་ཆེན་གྱིས་རིམ་པ་གསུམ་པའི་ས་ཡོམ་ལ་འཕྲལ་བསྟུན་གྱི་བྱ་ཐབས་སྤྱོད་འགོ་ཚུགས་པ་རེད།
         ཅང་སུའུ་ཞིང་ཆེན་ས་ཡོམ་རྟོག་དཔྱོད་ཁང་གིས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། པེ་ཅིང་གི་དུས་ཚོད་2016ལོའི་ཟླ་10ཚེས་20ཉིན་གྱི་ཆུ་ཚོད་4དང་སྐར་མ་51གི་ཐོག་ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་ཧྲེ་དབྱང་རྫོང་དུ་(འཕྲེད་ཐིག་བྱང་མ་ཏུའུ་33.70དང་གཞུང་ཐིག་ཤར་མ་ཏུའུ་120.30ཡི་མཚམས་སུ་)ས་ཡོམ་རིམ་པ་4.4བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་སྤྱི་ལེ་25ཡོད་ཅིང་། ས་ཡོམ་བྱུང་སའི་ལྟེ་གནས་སུ་ས་ཡོམ་ཛ་དྲག་ཚད་ཏུའུ་5ཟིན་པ་རེད།
         མིག་སྔར་འབྲེལ་ཡོད་སྡེ་ཁག་ལ་ད་དུང་མི་སྣ་ཤི་རྨས་དང་སྡོད་ཁང་གཏོར་སྐྱོན་བྱུང་བའི་སྙན་ཞུ་འབྱོར་མེད་ཅིང་། ཞིབ་ཕྲའི་གནས་ཚུལ་ད་རུང་བརྟག་དཔྱད་ཞིབ་བསྡུར་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།