འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྫ་སྟོད་དུ་ས་ཡོམ་གནོད་འཚེ་ཕོག་པའི་འབྲོག་པ་བཀོད་སྒྲིག་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་རྫ་སྟོད་དུ་ས་ཡོམ་གནོད་འཚེ་ཕོག་པའི་འབྲོག་པ་བཀོད་སྒྲིག་ཟིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན་གྱི་ཆུ་ཚོད་15དང་སྐར་མ་14ལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་པ་དང་། ཚེས་18ཉིན་གསར་འགོད་པར་རྫ་སྟོད་རྫོང་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་རེས་ཀྱི་ས་ཡོམ་གྱིས་རྫོང་ཡོངས་ཀྱི་འབྲོག་པའི་སྡོད་ཁང་3000ལྷག་ཙམ་ལ་རིམ་པ་མི་འདྲ་བའི་གནོད་འཚེ་ཕོག་ཡོད། མིག་སྔར་རྫ་སྟོད་རྫོང་གྲོང་ཁུལ་དང་ཤང་གྲོང་ཁག་ཏུ་བཀོད་སྒྲིག་ས་ཚིགས་བཙུགས་ཟིན་ནས་གྲལ་བཤེར་ཐུབ་པའི་གནོད་འཚེ་ཕོག་པའི་འབྲོག་པ་ཡོངས་རྫོགས་བཀོད་སྒྲིག་ཟིན་པ་རེད། གོང་གི་པར་འདི་ནི་དགེ་རྒན་ཞིག་གིས་རྫ་སྟོད་རྫོང་ཨ་སྟོད་ཤང་ལྟེ་བའི་སློབ་ཆུང་གི་གེགས་སེལ་གུར་དུ་སློབ་གྲྭར་རྒྱུན་སྡོད་སློབ་མ་སྐར་མ་གསེར་རྒྱལ་(གཡས)ལ་དགོང་ཟས་སྤྲོད་པའི་གནས་ཚུལ་ཡིན་པ་དང་གཤམ་གྱི་པར་འདི་ནི་རྫ་སྟོད་རྫོང་ཨ་སྟོད་ཤང་སྟོབས་རྒྱལ་གྲོང་ཚོའི་གནོད་འཚེ་ཕོག་པའི་འབྲོག་པ་དགའ་བ་དང་ཁོང་གི་ཚ་མོ་གེགས་སེལ་གུར་གྱི་མདུན་དུ་ལངས་པའི་གནས་ཚུལ་ཡིན་པ།
    ༄༅།།མཚོ་སྔོན་རྫ་སྟོད་དུ་ས་ཡོམ་གནོད་འཚེ་ཕོག་པའི་འབྲོག་པ་བཀོད་སྒྲིག་ཟིན་པ།
      

    ཕྱོགས་བསྡུས་གསར་འགྱུར།