འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དྲ་ཐོག་ཚོང་དོན་ལ་བརྟེན་ནས་ཁེ་ལས་ལ་རམ་འདེགས་བྱ་རྒྱུའི་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དྲ་ཐོག་ཚོང་དོན་ཐོན་ལས་གླིང་ཉེ་ཆར་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་ཁེ་ལས་16དེའི་ནང་དུ་སྤོས་པ་རེད། ཉེ་ཆར་བཙུགས་པའི་དྲ་ཐོག་ཚོང་དོན་དང་ཚོང་དོན་ཟོག་འདྲེན་མཐུན་ཚོགས་ཀྱིས་ཁེ་ལས་83ཞུགས་རྒྱུའི་ཡིད་དབང་བཀུག་ནས། དྲ་ཐོག་ཚོང་དོན་ཐོན་ལས་ཀྱི་རུབ་བསྡུས་ཕན་ནུས་རགས་ཙམ་ཐོན་ཡོད།
         མིག་སྔའི་བར། བོད་རང་སྐྱོང་ལྗོངས་དྲ་ཐོག་ཚོང་དོན་ཐོན་ལས་གླིང་གིས་ལྷ་སའི“ཟ་སྡོད་སྐྱོད་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། སྤྲོ་གསེང་བཅས”ཀུན་འཛོམས་ཞབས་ཞུའི“བོད་ལྗོངས་སྐོར་བའི”ཞབས་ཞུའི་རྣམ་གྲངས་བཏོན་ནས། ལྷ་སའི་གྲོང་མི་རྣམས་ལ་ཆུ་ཚོད་གཅིག་གི་འཚོ་བའི་ཁུལ་གྱི“UUབྱ་མ་རྟ”སོགས་རྣམ་གྲངས་མང་པོ་མངོན་འགྱུར་བྱེད་རོགས་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཐོན་ལས་གླིང་ཞབས་ཞུའི་ཚོང་ཁོངས་སུ་སྤྲིན་ཚོགས་རྫོང་ཁོངས་དང་། སྤྲིན་ཚོགས་སློབ་གླིང་། སྤྲིན་ཚོགས་རྒྱལ་སྒྲོལ། སྤྲིན་ཚོགས་གླིང་ཁུལ། སྤྲིན་ཚོགས་མཐུན་ཚོགས། སྤྲིན་ཚོགས་ལས་སྟེགས་བཅས་ཕྱོགས་བསྡུས་ཞབས་ཞུ་ཆེན་པོ་དྲུག་ཡོད་པ་དང་། སྤྲིན་ཚོགས་རྫོང་ཁོངས་ཀྱིས་ཞབས་འདེགས་ཞུ་བའི་མངའ་རིས་མཚོ་ཆེན་རྫོང་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་པར་བྱེད་པའི་བོད་ཀྱི་ཚད་ཤིང་དཔེ་སྟོན་རྫོང་དུ་གྱུར་པ་དང་། སྤྲིན་ཚོགས་སློབ་གླིང་ལ་ཐའོ་པའོ་སློབ་ཆེན་གྱིས་ཁས་ལེན་དཔང་འདོན་བྱས་པའི་གཙོ་ཁྲིད་དགེ་རྒན་ལྔ་བརྒྱའི་ཐོན་ཁུངས་ཡོད་པ། སྤྲིན་ཚོགས་རྒྱལ་སྒྲོལ་རང་ཚུགས་ལས་སྟེགས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་བརྒྱད་ལ་ཤར་བགྲོད་ཐུབ་པ་བྱས་ནས་ནེ་པ་ལ་དང་། རྒྱ་གར། སི་རི་ལན་ཁ་སོགས་ཀྱི་ཁེ་ལས་བརྒྱ་ལྷག་ཙམ་དང་སྦྲེལ་མཐུད་བྱ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་ཀྱི་སྒུལ་བདེའི་གཏོང་སྤྲོད་བསྡུར་ཚད་83.3%ཟིན་ནས་ལོ་མང་པོ་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། བོད་ཀྱི་མི་རིགས་རིག་གནས་ཡུལ་སྐོར་དང་། མི་རིགས་ལག་བཟོའི་ཐོན་རྫས། བོད་ལུགས་གསོ་རིགས་དང་བོད་སྨན། ཁྱད་ལྡན་ཞིང་འབྲོག་པའི་ཐོན་རྫས་ལས་སྣོན་ལས་རིགས། འཐུང་ཆུ་སོགས་ཁྱད་ལྡན་ཐོན་ལས་ལ་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་ཁྲོམ་རར་སྤུས་རྟགས་དབྱེ་འབྱེད་ཐུབ་ཚད་ཅུང་མཐོ་པོ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།