འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཧོ་ཀྲོའུ་འཛམ་གླིང་ཐོག་ཚེ་རིང་ཤོས་ཀྱི་གྲོང་ཁྱེར་ཡིན་པའི་ངོས་འཛིན་ཁས་ལེན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན། ཀོང་ཤིས་ཧོ་ཀྲོའུ་གྲོང་ཁྱེར་དེ་ཉིད“འཛམ་གླིང་ཐོག་མིའི་ཚེ་རིང་ཤོས་ཀྱི་གྲོང་ཁྱེར”ཡིན་པའི་ངོས་འཛིན་ཁས་ལེན་བྱུང་སྟེ་འཛམ་གླིང་ཐོག་ཚེ་རིང་ཤོས་ཀྱི་གྲོང་ཁྱེར་ལ་གྱུར་ཡོད། རྒྱལ་སྤྱིའི་མི་འབོར་ན་རྒས་ཅན་དང་ཚེ་རིང་ཅན་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་ཞི་ཙའུ་ཕིང་དང་རྒྱལ་སྤྱིའི་ས་ཁམས་མཉམ་འབྲེལ་ལྷན་ཚོགས་བདེ་ཐང་དང་ཁོར་ཡུག་ཨུ་ལྷན་གྱི་ཀྲུའུ་ཞི་ཐང་མཱ་སི་·ཁེ་ལ་ཕུའུ་ཐེས་ཧོ་ཀྲོའུ་གྲོང་ཁྱེར་ལ“འཛམ་གླིང་ཐོག་ཚེ་རིང་ཤོས་ཀྱི་གྲོང་ཁྱེར”གྱི་ལག་ཁྱེར་དང་སྒོ་བན་སྤྲད་པ་རེད།
         ཧོ་ཀྲོའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ལི་ཧུང་ཆིང་གིས་ད་ཆ་ཧོ་་ཀྲོའུ་གྲོང་ཁྱེར་ལ་ལོ་60ཡན་གྱི་རྒན་རྒོན་ཁྲི་33.4ཡོད་པའི་ནང་ལོ་80ཡན་གྱི་རྒན་རྒོན་ཁྲི་6.2ཡོད་པ་དེས་རྒན་རྒོན་མི་འབོར་གྱི་སྤྱིའི་བསྡུར་གྲངས་ཀྱི་18.5%བཟུང་བ་དང་། ལོ་བརྒྱ་ཟིན་པའི་རྒན་རྒོན་458ཡོད་པ་དེས་སྤྱིའི་མི་འབོར་བསྡུར་གྲངས་ཀྱི་ཁྲི་19.110བཟུང་ཡོད། ཚེ་རིང་རྒན་རྒོན་གྱི་བསྡུར་གྲངས(ལོ་90ཡན་དང་65ཡན)0.033ཡིན་པ་དང་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་78.01ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།