གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 10ཚེས་21ཉིན། 09:46】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་13ཉིན་གྱི་ཆུ་ཚོད་13ཐོག་ནེ་པེར་བྱ་དགའ་དཔྱད་འདེམས་ཨུ་ལྷན་གྱིས་སུའེ་ཏེན་སློབ་གླིང་ནས་2016ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཡོངས་བསྒྲགས་བྱས་རྗེས། འདི་ལོའི་ནོ་པེར་བྱ་དགའ་ཡི་བྱ་དགའ་རྣམ་གྲངས་ཚང་མའི་(ནོ་པེར་བྱ་དགའི་རྣམ་གྲངས་6ཡོད་པ)ཐོབ་མཁན་ཡོངས་ཁྱབ་བསྒྲགས་བྱས་པ་རེད།
སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ།
ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་3ཉིན། སུའེ་ཏེན་ཁཱ་རའོ་ལིན་གསོ་རིག་སློབ་གླིང་གི་ནོ་པེར་བྱ་དགའ་དཔྱད་འདེམས་ཨུ་ལྷན་གྱིས་2016ལོའི་ནོ་པེར་སྐྱེ་ལུགས་རིག་པའམ་གསོ་རིག་བྱ་དགའ་དེ་ཡོ་ཞི་ནོ་རི་ཨོ་སུ་མི་(Yoshinori Ohsumi 大隅良典)ལ་སྤྲོད་རྒྱུ་ཡོངས་བསྒྲགས་བྱས་ཏེ་ཁོང་གིས་རང་མིད་ཕྲ་ཕུང་རྐྱེན་རྩ་(细胞自噬机理)ཤེས་རྟོགས་བྱུང་བར་གཟེངས་བསྟོད་བྱས་པ་རེད།
ཡོ་ཞི་ནོ་རི་ཨོ་སུ་མི་ནི་1945ལོར་སྐྱེས་ཤིང་། ཐོ་ཁེའོ་བཟོ་ལས་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེ་མོ་ཡིན་པ་དང་། ཀའེ་ཨར་ཏེ་རྒྱལ་སྤྱིའི་བྱ་དགའ་ཐོབ་མྱོང་ཡོད་པ་རེད།
【1】
【2】
【3】
【4】
【5】
【6】