འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་བོད་རྒྱ་སྐད་གཉིས་ཀྱི་དྲ་ཐོག་ཚོང་ཁང་ལས་སྟེགས་གཉེར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཚོ་སྔོན་དུ་བོད་རྒྱ་སྐད་གཉིས་ཀྱི་དྲ་ཐོག་ཚོང་ཁང་ལས་སྟེགས་གཉེར་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་རྒྱ་སྐད་གཉིས་ཀྱི་དྲ་ཐོག་ཚོང་ཁང་ལས་སྟེགས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་དུ་གཉེར་འགོ་ཚུགས་པ་དང་། བྱེད་ནུས་གཙོ་བོ་ནི་བོད་ཁུལ་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་ལག་ཤེས་ཐོན་རྫས་ཕྱིར་ཚོང་དང་ནང་སའི་བཟོ་ལས་ཐོན་རྫས་བོད་དུ་ནང་འདྲེན་དང་། དེ་བཞིན་བོད་རིགས་ས་ཁུལ་གྱི་དྲ་བའི་དམངས་ཕན་ཞབས་ཞུ་སོགས་སུ་གཏན་འཁེལ་བྱས་ཡོད།
         རྣམ་གྲངས་དེའི་འགན་འཁུར་བ་བློ་བཟང་གིས་ངོ་སྤྲོད་བྱས་དོན། དྲ་ཐོག་ཚོང་ཁང་གི་ལས་སྟེགས་དེར་མ་རྩ་སྒོར་ཁྲི་300ལྷག་བཏང་ནས། བོད་རྒྱ་སྐད་གཉིས་ཀྱི་འཇུག་སྒོ་བཟོས་ཡོད། ཕྱིའི་སྐུ་མགྲོན་གྱིས་རྒྱ་སྐད་ཀྱི་ངོས་ནས་སྐྱེ་ལྡན་ཚགས་ཤ་དང་ལུག་ཤ་སྐམ་པོ་དང་། བོད་སྨན་སྨན་རྩྭ། ཐང་ག་སོགས་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཉོ་ཐུབ་པ་དང་། ས་ཁུལ་དེ་གའི་འབྲོག་པས་བོད་སྐད་ཀྱི་ངོས་ནས་ཁྱིམ་སྤྱོད་གློག་ཆས་ཆུང་ཙག་དང་། གྱོན་གོས། འཚོ་བའི་མཁོ་ཆས་སོགས་ནང་སའི་བཟོ་ལས་ཐོན་རྫས་ཉོ་ཐུབ། དྲ་ཐོག་ཚོང་ཁང་ལས་སྟེགས་དེར་ད་དུང་དྲ་བའི་དམངས་ཕན་ཞབས་ཞུའི་རྣམ་གྲངས་བཙུགས་ཡོད་པས། འབྲོག་པར་སྒོ་ལྕགས་ཕྱེ་བ་དང་། ཉམས་བཟོ། དྲ་ཐོག་ནས་གྲོན་དངུལ་སྐྱེལ་བ་སོགས་ཀྱི་འཚོ་བའི་ཞབས་ཞུ་མཁོ་འདོན་བྱེད་ཐུབ།
         གཞན་ཡང་། དྲ་ཐོག་ཚོང་ཁང་གི་ལས་སྟེགས་ནས་བོད་རྒྱ་སྐད་གཉིས་སློབ་ཁྲིད་འཕྲུལ་འཁོར་དང་། གློག་རྡུལ་ཚིག་མཛོད། ཀློག་འདོན་འཕྲུལ་འཁོར། མངགས་བཟོའི་ལག་ཐོགས་ཁ་པར་སོགས་འཚོང་རྒྱུ་རེད།
         བློ་བཟང་གིས“ད་བར་མཚོ་བྱང་ཀྲོའུ་རང་གི་ཁེ་ལས་30ལྷག་ཙམ་དེའི་ནང་ཞུགས་པ་དང་། གོམ་སྟབས་རྗེས་མར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་རིགས་ས་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་གཉེར་རྒྱུ་ཡིན་པས། འབྲོག་པ་ཚོས་ལས་སྟེགས་ཐོག་རང་ཉིད་ཀྱི་དྲ་ཐོག་ཚོང་ཁང་བཙུགས་ཆོག་ལ། སྲིད་གཞུང་ནས་འདོད་མོས་ཡོད་མཁན་ལ་ཁག་སོ་སོར་རིན་མི་དགོས་པར་འབྲེལ་ཡོད་ཀྱི་གསོ་སྦྱོང་བྱ་རྒྱུ་རེད”ཅེས་ཤོད་ཀྱི་འདུག
         མིག་སྔར། རྐང་ཚ་རྫོང་གི་འབྲོག་པའི་དྲ་ཐོག་ཚོང་ཁང་གི་ཤེས་བྱ་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་རྫོང་དེ་གའི་ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་སུ་འཚོག་འགོ་ཚུགས་ཤིང་། སློབ་གཉེར་བ་མང་ཆེ་བ་ན་གཞོན་ཡིན་པ་དང་། གསོ་སྦྱོང་མི་སྣའི་མཛུབ་ཁྲིད་འོག ཁོང་ཚོས་གློག་ཀླད་དང་ལག་ཐོགས་ཁ་པར་ནས་འཛིན་ཤོག་འགོད་པ་དང་པར་རིས་གཏོང་བ་སོགས་ཀྱི་བཀོལ་སྤྱོད་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། མང་ཆེ་བ་ཤེས་མགྱོགས་པོ་ཡོད་པ་གསར་འགོད་པས་མཐོང་།
         “ཉེ་བའི་ལོ་ཤས་རིང་། བོད་རིགས་ས་ཁུལ་གྱི་འབྲོག་པར་དྲ་ཐོག་ཚོང་ཟོག་ཉོ་ཚོང་གི་དགོས་མཁོ་ཤུགས་ཆེན་ཡོད་མོད། ཁོང་ཚོའི་ཁྲོད་ཀྱི་མི་མི་ཉུང་བ་ཞིག་གི་རྒྱ་ཡིག་ཤེས་ཀྱི་མེད། བོད་རྒྱ་སྐད་གཉིས་ཀྱི་དྲ་ཐོག་ཚོང་ཁང་ལས་སྟེགས་གཉེར་འགོ་ཚུགས་པ་དེས་འགལ་ཟླ་ནུས་ལྡན་སེལ་རྒྱུ་རེད། ལས་སྟེགས་དེས་འབྲོག་པའི་དྲ་སྦྲེལ་བསམ་ཕྱོགས་གསོ་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ། བོད་རིགས་ས་ཁུལ་དང་ནང་སའི་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་ཐུབ”ཅེས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་རྡོ་རྗེས་ཤོད་ཀྱི་འདུག
    ༄༅།།མཚོ་སྔོན་དུ་བོད་རྒྱ་སྐད་གཉིས་ཀྱི་དྲ་ཐོག་ཚོང་ཁང་ལས་སྟེགས་གཉེར་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།