འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་རའི་
    འདྲི་གཅོད་ཐད་གཏོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་《ཁྲིམས་རའི་འདྲི་གཅོད་ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བྱེད་ཐབས་(ཚོད་ལྟའི་ལག་བསྟར)》དང་《ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་རའི་འདྲི་གཅོད་ཡོངས་བསྒྲགས་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི་》ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་ཞིང་། དེའི་ནང་རིམ་ཁག་ཁྲིམས་ཁང་གིས་ཁྲིམས་རའི་འདྲི་གཅོད་ཡོངས་བསྒྲགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ། ཁྲིམས་ལྟར་ཡོངས་བསྒྲགས་ཞིབ་གཅོད་བྱས་པའི་རིགས་ཁག་གི་ཉེས་དོན་དང་། དམངས་དོན། སྲིད་འཛིན་གྱོད་གཞི“ཡོངས་བསྒྲགས་རྩ་དོན་དུ་བྱེད་པ་དང་ཡོངས་བསྒྲགས་མི་བྱེད་པ་དམིགས་བསལ་དུ་བྱེད་པའི”བླང་བྱར་བསྟུན་པ་དང་དྲ་ཚིགས་དང་། དཔོད་ཆུང་། སྐད་འཕྲིན་སོགས་སྨྱན་སྦྱོར་ལ་བརྟེན་ནས་བརྙན་ལམ་གྱི་རྣམ་པར་བརྟེན་ནས་དྲ་སྦྲེལ་གྱི་ཁྲིམས་རའི་འདྲི་གཅོད་དྲ་རྒྱར་ཐད་གཏོང་བྱེད་དགོས་པ་དང་། སྤྱི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེན་པོ་ལྡན་པ། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་དོན་སྙིང་ལྡན་པའི་བདེན་བཤེར་གསལ་བཤད་ཉན་པ་དང་བར་འདུམ་སོགས་ཀྱི་གཏུག་བཤེར་བྱ་སྤྱོད་ཀྱང་དྲ་རྒྱར་ཐད་གཏོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཡོངས་བསྒྲགས་ཞིབ་གཅོད་གྱོད་གཞིའི་བྱེད་སྒོ་ཚང་མ་དྲ་སྦྲེལ་ནས་ཐད་གཏོང་བྱ་རྒྱུ་ནི་མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་ཏང་ཙུའུ་ཡིས་དུས་སྐབས་གསར་པའི་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་བསྐངས་ནས་ཁྲིམས་འཛིན་ཡོངས་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པའི་ཆེད་དུ་བཟོས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཁྲུན་གཅོད་ཡི་གེ་ཡོངས་བསྒྲགས་དང་། འདྲི་གཅོད་བརྒྱུད་རིམ་ཡོངས་བསྒྲགས། ལས་འཛིན་ཆ་འཕྲིན་ཡོངས་བསྒྲགས་བཅས་རྗེས་ཀྱི་ཁྲིམས་འཛིན་ཡོངས་བསྒྲགས་ལས་དོན་གྱི་བྱེད་ཐབས་གལ་ཆེན་གཞན་ཞིག་ཀྱང་རེད།
         མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་རའི་འདྲི་གཅོད་ཡོངས་བསྒྲགས་ལས་དོན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། 2016ལོའི་ཟླ་11ཚེས་1ཉིན་ནས་བཟུང་། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་ལས་སྒོ་ཁག་གི་ཁྲིམས་ར་ཚང་མས་གྱོད་གཞིར་ཡོངས་བསྒྲགས་ཞིབ་གཅོད་བྱེད་སྐབས། དྲ་སྦྲེལ་བརྒྱུད་ཐད་གཏོང་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ཁྲིམས་ཁང་དང་གཞི་རིམ་ཁྲིམས་ཁང་ཁག་ལ་ཁྲིམས་རའི་འདྲི་གཅོད་ཐད་གཏོང་སྒྲིག་ཆས་བཀོད་སྒྲིག་བྱས་རྗེས། དུས་གཅིག་ཏུ་དྲ་སྦྲེལ་གྱི་ཁྲིམས་རའི་འདྲི་གཅོད་ཐད་གཏོང་བྱེད་དགོས་པ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།