འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་མཚོ་ཕྱུག་མོ་འགྲམ་གྱི་དཔལ་མགོན་རྩྭ་ཐང་། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གནམ་མཚོ་ཕྱུག་མོ་འགྲམ་གྱི་དཔལ་མགོན་རྩྭ་ཐང་།
         མི་དམངས་དྲ་བའི་འཕྲིན། དཔལ་མགོན་རྫོང་ནི་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཁོངས་སུ་ཡོད་ལ། ཁོངས་གཏོགས་ཀྱི་དཔལ་མགོན་མཚོ་ལས་རྫོང་གི་མིང་ལ་ཡང་དཔལ་མགོན་ཐོགས། ཤར་རྒྱུད་ནི་ནག་ཆུ་རྫོང་ལ་འབྲེལ་ཡོད་པ་དང་། ནུབ་རྒྱུད་ནི་ཤན་རྩ་རྫོང་དང་འབྲེལ་ཡོད་པ་རེད། ལྷོ་རྒྱུད་ནི་ལྷ་སའི་འདམ་གཞུང་རྫོང་དང་གཞིས་ཀ་རྩེའི་རྣམ་གླིང་རྫོང་ལ་འབྲེལ་ཡོད། བྱང་རྒྱུད་ནི་མཚོ་གཉིས་རྫོང་དང་ཨ་མདོ་རྫོང་གཉིས་ལ་འབྲེལ་ཡོད། བྱང་མཐའ་དང་ཤར་མཐའ་གཉིས་ནི་རིམ་པར་ཤིན་ཅང་དང་མཚོ་སྔོན་གཉིས་སུ་འབྲེལ་ཡོད་པ་རེད།
         2014ལོར། དཔལ་མགོན་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་སྨི་གྲུ་བཞི་མ་30138ཡོད་པ་དང་། མི་གྲངས་ནི་41579ཡོད་པ་རེད། རྫོང་ཁོངས་སུ་རྩེ་རི་དགོན་པ་དང་གནམ་མཚོ་ཕྱུག་མོ། སེར་གླིང་མཚོ་སོགས་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།གནམ་མཚོ་ཕྱུག་མོ་འགྲམ་གྱི་དཔལ་མགོན་རྩྭ་ཐང་།
      

    ཕྱོགས་བསྡུས་གསར་འགྱུར།