འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།“མི་སེར་གྱི་སྒྲོག་འགྲེལ་རླངས་འཁོར་ཆེན་པོ”སྟོན་དུས་རྟགས་ཅན་གྱིས་གོར་མོར་སྒྲོག་འགྲེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཀྲོའུ་གཏོད་ཆེད། ཉེ་ཆར། “མི་སེར་གྱི་སྒྲོག་འགྲེལ་རླངས་འཁོར་ཆེན་པོ”སྟོན་དུས་རྟགས་ཅན་གྱིས་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་ཆུ་འགོའི་གྲོང་ཚོ་དང་ཀུའོ་ལེ་མུའུ་ཏེ་གྲོང་རྡལ་ཧུང་ལིའུ་གྲོང་ཚོ་སོགས་ཀྱི་ས་ཁུལ་དུ་བསྐྱོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཀྲོའུ་གཏོད་པའི་དོན་སྙིང་གལ་ཆེན་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཡོད།
         སྒྲོག་འགྲེལ་བྱེད་རིང་། མཚོ་ནུབ་ཀྲོའུ་ཨུད་ཀྱི་འཆད་འཁྲིད་དགེ་རྒན་ཚོགས་པའི་ཚོགས་གཙོ་ཐང་ཧྲེང་ལུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅིའི“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་གྱི་དོན་སྙིང་། མི་རིགས་མཐུན་སྒྲིལ་གྱི“ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔ”སོགས་ཀྱི་ཐད་ནས་ས་གནས་དེ་གའི་མང་ཚོགས་ལ་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་ཡོད། དེ་རྗེས་སྒྲོག་འགྲེལ་པ་ཚོས་སྣ་མང་ཕུན་སུམ་ཚོགས་པ་དང་གསོན་ཉམས་དོད་ལ་དགོད་བྲོ་བའི་དམངས་ཁྲོད་གཞས་མ་གཏམ་གྱི་འཁྲབ་སྟོན་བྱེད་པའི་རྣམ་པའི་ཐོག་ནས་ཞབས་བྲོ་《ང་ཀྲུང་ཧྭ་ལ་དགའ་》དང་མཚོ་སྔོན་གྱི་བུད་མེད་ཀྱི་མཉམ་གཞས་《སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་སེམས་ལ་བརྟན་པོར་ངེས་》སོགས་ཀྱི་ལེ་ཚན་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་ལས་དོན་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཀྲོའུ་གཏོད་པའི་དོན་སྙིང་གལ་ཆེན་བརྒྱུད་སྤེལ་བྱས་ཡོད།
         ད་ཐེངས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞི་རིམ་དུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་པ་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་གསར་གཏོད་ཀྱི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་པ་དང་། གོར་མོ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཀྲོའུ་དང་སྔོན་ཐོན་གྲོང་ཁྱེར་གཏོད་རྒྱུར་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བཏོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།