འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རྩལ་འགྲེམས་ཚོགས་སྐབས་བཞི་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན་གྱི་སྔ་དྲོ། ཀྲུང་གོ་(མེན་ཡང)ཚན་རྩལ་གྲོང་རྒྱལ་སྤྱིའི་ཚན་རྩལ་འགྲེམས་ཚོགས་ཀྱི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་དང་མཇུག་འགྲིལ་མཛད་སྒོ་མེན་ཡང་དུ་འཚོགས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་འགྲེམས་ཚོགས་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ནས། འགྲེམས་ཚོགས་ལ་ཞུགས་པའི་རྣམ་གྲངས་2067དང་འགྲེམས་རྫས་9141ཡོད་པ་དང་། འགྲེམས་ཚོགས་ལ་ཞུགས་མཁན་སྐུ་མགྲོན་ཆིག་ཁྲི་ཙམ་དང་ལྟད་མོ་བ་མི་ཐེངས་ཁྲི་60ལས་བརྒལ་བ་དེའི་ནང་ཆེད་ལས་ལྟད་མོ་བ་མི་ཐེངས་ཁྲི་9ཙམ་ཟིན་པ་དེ་སྐབས་གོང་མ་ལས་13%འཕར་བ། དངུལ་འབོར་སྒོར་དུང་ཕྱུར་1082ཟིན་པའི་ཐོན་ལས་མ་འཇོག་དང་། གྲུབ་འབྲས་ཉོ་ཚོང་། ཐོན་རྫས་ཉོ་སྒྲུབ། མ་འཇོག་མཉམ་འདྲེས། དཔལ་འབྱོར་ཁུལ་ཆེན་པོ་བཞི་སོགས་རིགས་ཁག་གི་རྣམ་གྲངས་702ཀྱི་གན་རྒྱ་བཞག་ཡོད་པ་རེད།
         ཚན་རྩལ་གྲུབ་འབྲས་ཉོ་ཚོང་འཁྲུག་ལ་མཐོ་གསར་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཤིང་། ཚན་རྩལ་གྲུབ་འབྲས་དང་། དེ་བཞིན་ཁེ་བེད་ལག་རྩལ་ཡོངས་བསྒྲགས་དང་། ཉོ་ཚོང་ཆེད་སྟོན། “ཕུགས་འདུན་སྒྲུབ་པའི་ཚན་རྩལ་གྲོང”སོགས་ཐོན་སློབ་ཞིབ་གསུམ་གྱི་སྦྲེལ་མཐུད་བྱེད་སྒོ་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཉོ་ཚོང་ལས་སྟེགས་བཏོད་ཡོད་པ་རེད། འགྲེམས་ཚོགས་རིང་ཚན་རྩལ་གྲུབ་འབྲས་ལ་མཁོ་བའི་རྣམ་གྲངས་103དང་། དམག་དམངས་མཉམ་འདྲེས་ཀྱི་ཚན་རྩལ་གྲུབ་འབྲས་དང་ཁེ་བེད་ལག་རྩལ་རྣམ་གྲངས་205གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་པ་དང་། ཕྱོགས་ཁག་ལ་ཚན་རྩལ་གྲུབ་འབྲས་ཉོ་ཚོང་དང་དེ་བཞིན་མཉམ་ལས་བྱེད་འདོད་པའི་གྲོས་མཐུན་ཁག་444འཇོག་རྒྱུར་སྐུལ་འདེད་བཏང་བས་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་73ཟིན་པ་དེ་སྐབས་གོང་མ་ལས་5%འཕར་ཡོད་པ་རེད།
         ཚན་རྩལ་སྤེལ་རེས་ངོ་མཚར་ཆེ་ལ་རིགས་གཞུང་གསར་གཏོད་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། རྒྱལ་སྤྱིའི་དམག་དམངས་མཉམ་འབྲེལ་གསར་གཏོད་དང་འཕེལ་རྒྱས་ཀྱི་གླེང་སྟེགས་དང་། ཀྲུང་གོའི་བཟོ་སྐྲུན་2025དབུ་ཚོགས་གླེང་སྟེགས། དམག་དམངས་མཉམ་འདྲེས་ཐོན་ཁུངས་མཉམ་སྤྱོད་ལམ་སྲོལ་གསར་གཏོད་དང་འཕེལ་རྒྱས་གླེང་སྟེགས་སོགས་གླེང་སྟེགས་བྱེད་སྒོ་ཐེངས་11གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་དང་། ཆེད་དོན་འཆད་ཁྲིད་དང་རིག་གཞུང་སྤེལ་རེས་ཀྱི་བྱེད་སྒོ་ཐེངས་27སྤེལ་བ། རྒྱལ་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་25ཡིས་གཙོ་གནད་རྣམ་གྲངས་27དང་སྦྲེལ་མཐུད་བྱས་ནས་ལག་རྩལ་ཐད་ཀྱི་དཀའ་གནད་ཁག་41ཐག་གཅོད་བྱས་པ་དང་། རྒྱལ་ཁབ་རིམ་པའི་ནུས་རྩལ་དགེ་རྒན་ལས་དོན་ཁང་གི་སྣེ་ཁྲིད་པ་120ཡིས་ཉམས་མྱོང་སྤེལ་རེས་བྱས་པ། ཧྥ་རན་སེ་དང་། དབྱི་ཐ་ལི། དབྱི་སི་རལ། འཇར་མན། བྷེ་ཨུ་རུ་སུ་སོགས་རྒྱལ་ཁབ་ཀྱི་ཕྱི་རྒྱལ་རིགས་གཅིག་མཁས་ཅན་རྩ་འཛུགས་6གིས་རིག་སྟོབས་ནང་འདྲེན་རྣམ་གྲངས་42གྲུབ་འབྲས་ཐོབ་པའི་སྒོ་ནས་སྦྲེལ་མཐུད་བྱས་པ་རེད། ཚོང་དོན་པུའི་རྒྱལ་སྤྱིའི་ཉོ་ཚོང་གྲོས་མོལ་གྱི་འཐུས་མི་སྐུ་གཞོན་ཀྲང་ཤང་ཁྲེན་དང་། རྒྱལ་སྲུང་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་པི་ཅིང་ཅིང་སོགས་སྐུ་མགྲོན་4500ལྷག་ཙམ་གླེང་སྟེགས་བྱེད་སྒོར་ཕེབས་ཡོད་པ་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་སྐུ་གཞོན་མོན་ནུའོ·ཨ་ཕིང་མཱ། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་ཁང་དང་སུའོ་ཡི་ཡོན་ཧྲི་དང་གྲགས་ཅན་ཁེ་ལས་ཀྱི་མཐོ་རིམ་དཔོན་རིགས་སོགས་ཁྱོན་རིགས་གཅིག་མཁས་ཅན་དང་མཁས་དབང་80ལྷག་ཙམ་གྱིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྟེ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཐོན་ལས་ཕྱོགས་སྒྱུར་དང་རིམ་སྤོར་བྱེད་རྒྱུ། སྒྱུར་བཅོས་ཚོད་ལྟ་ཕྱོགས་ཡོངས་ནས་གསར་གཏོད་བྱེད་རྒྱུ་སོགས་གཙོ་གནད་ཁྱབ་ཁོངས་ཐད་ནས་ཚན་རྩལ་གྲོང་འཛུགས་སྐྲུན་ཆེད་ཐབས་དང་ཇུས་བཏོན་པ་དང་རམ་འདེགས་བྱས་པས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཁག་50ལྷག་ཙམ་གྲུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།