འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་རྒྱུན་བསྲིང་འགྲིམ་འགྲུལ་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན་ནས་23ཉིན་བར། འཛམ་གླིང་གི་རྒྱུན་བསྲིང་འགྲིམ་འགྲུལ་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དུ་འཚོགས་ཤིང་། ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། ཧན་གོ་སོགས་རྒྱལ་ཁབ་18ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
         འགྲིམ་འགྲུལ་ནི་གྲོང་ཁྱེར་ཞིག་གི་དཔལ་འབྱོར་དང་འཚོ་བའི་སྲོག་རྩ་ལྟ་བུ་ཡིན་པས། གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པའི་གནད་དོན་ཐག་གཅོད་བྱས་ཏེ་ཐཱན་ཉུང་ནུས་ཆེའི་སྒོ་ནས་ཕྱིར་བསྐྱོད་བྱ་རྒྱུ་ནི་འཛམ་གླིང་ཡོངས་ཀྱི་དཀའ་གནད་ཅིག་རེད། སྐབས་འདིའི་བགྲོ་གླེང་ཚོགས་འདུ་དུས་ཡུན་ཉིན་གསུམ་ཡིན་པ་དང་། “རྒྱུན་བསྲིང་འགྲིམ་འགྲུལ་ལས་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པར་འགྱུར་བ་བྱེད་དགོས”ཞེས་བརྗོད་བྱ་གཙོ་བོར་བྱས་ཏེ“གྲོང་ཁྱེར་གྱི་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་ཀྱི་གོ་སྐབས་དང་འགག་རྩ”དང་། “འགྲིམ་འགྲུལ་ཞབས་ཞུའི་བློས་འགེལ་རང་བཞིན་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ” “མི་འབོར་དང་གྲོང་ཁྱེར་རྒྱུན་བསྲིང་འཕེལ་རྒྱས”སོགས་ནང་དོན་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད།
         ད་ཕན་ལོ་ཤས་རིང་། དབྱི་ཁྲང་གིས་འགག་གསུམ་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་ནན་པོ་བྱས་ཏེ་གྲོང་ཁྱེར་གྱི་གནོད་མེད་འགྲིམ་འགྲུལ་ཁྱབ་སྤེལ་ཧུར་ཐག་བཏང་བས། མིག་སྔར“ལམ་ཐིག་དྲུག་དང་སྐོར་ལམ་གསུམ”གྱི་གཞུང་ལམ་སྒྲོམ་གཞི་དང་ཆུ་ཐོག་དང་། སྐམ་ས། བར་སྣང་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཅིག་ཆགས་ཡོད། དབྱི་ཁྲང་གི་BRTམྱུར་བགྲོད་སྤྱི་སྤྱོད་མ་ལག་ནི་མིག་སྔར་རང་རྒྱལ་གྱི་ལྟེ་བའི་གྲོང་ཁུལ་དུ་ལམ་ཐིག་རྐྱང་པ་རིང་ཤོས་དང་། ནུས་པ་ཆ་ཚང་ཤོས། འཛུགས་སྐྲུན་རྙོག་འཛིང་ཆེ་ཤོས་བཅས་ཀྱི་སྤྱི་སྤྱོད་མ་ལག་ཅིག་ཡིན་པར་བརྟེན་2016ལོའི་འཛམ་གླིང་རྒྱུན་བསྲིང་འགྲིལ་འགྲུལ་བྱ་དགའ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།