འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕྲོད་བསྟེན་བུ་བཙའ་ཨུ་ལྷན་གྱིས་བོད་དུ་ཐུམ་བུའི་ནད་མཆེད་ཚུལ་བརྟག་དཔྱད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་20ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

    ༄༅།།རྒྱལ་ཁབ་འཕྲོད་བསྟེན་བུ་བཙའ་ཨུ་ལྷན་གྱིས་བོད་དུ་ཐུམ་བུའི་ནད་མཆེད་ཚུལ་བརྟག་དཔྱད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བུ་བཙའ་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཐུམ་བུའི་ནད་ཀྱི་མཆེད་ཁོངས་དང་ཚབས་ཆེ་ཆུང་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་པར་བྱ་ཆེད། རྒྱལ་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་17གྱི་Bསྒྲ་རླབས་རྒྱག་མཁན་སྨན་པ་དང་སྐོར་སྐྱོད་བརྟག་དཔྱད་པ་276ལས་གྲུབ་པའི་ཚོགས་ཆུང་92དང་བོད་ཀྱི་ལག་རྩལ་པ་700ཙམ་སྒྲིག་འཛུགས་ཀྱིས་རྫོང་70ནས་གྲོང་ཚོ་364བདམས་ཏེ། དུས་ཡུན་ཟླ་གཅིག་རིང་ཐུམ་འབུའི་ནད་མཆེད་ཚུལ་བརྟག་དཔྱད་བྱས་ཡོད། བརྟག་དཔྱད་ཀྱི་ནང་དོན་གཙོ་བོར་མི་ཚོགས་ཁྲོད་ཐུམ་འབུའི་ནད་ཡོད་མེད་ཞིབ་བཤེར་དང་། སྒོ་ཁྱི་དང་སྒོ་ཕྱུགས་སོགས་ལ་འགོས་ཡོད་མེད་དང་དེ་བཞིན་མཆེད་ཁོངས་ཀྱི་ཡུལ་མིར་ཐུམ་འབུའི་ནད་ཀྱི་འགོག་བཅོས་ཤེས་བྱ་དང་སྤྱོད་ལམ་ལྡན་མིན་ཞིབ་བཤེར་བྱ་རྒྱུ་སོགས་ཚུད་ཡོད། ཉིན་ཤས་གོང་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་ཐུམ་འབུའི་ནད་མཆེད་ཚུལ་བརྟག་དཔྱད་བྱས་ཚུལ་ལ་བཅར་འདྲི་བྱས་ཡོད། འདི་ནི་ཟླ་9ཚེས་12ཉིན་ཧུའུ་པེ་ཅིང་ཀྲོའུ་མི་དམངས་སྨན་ཁང་གསུམ་པའི་Bསྒྲ་རླབས་རྒྱག་མཁན་སྨན་པ་ཧེ་ཏེ་ཧུས(གཡས་ཀྱི་གཉིས་པ)ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་ཧ་ལོ་སྒང་གྲོང་ཚོའི་ཡུལ་མིར་ཐུམ་འབུའི་ནད་བརྟག་དཔྱད་བྱེད་བཞིན་པ།
    ཟླ་9ཚེས་12ཉིན་ཧུའུ་ནན་ནན་ཧྭ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་སྒྲ་རླབས་ཚན་ཁག་གི་སྨན་པ་ཅང་ཏི(དཀྱིལ)དང་གྲ་ནང་རྫོང་མི་དམངས་སྨན་ཁང་གི་Bསྒྲ་རླབས་ཁང་གི་སྨན་པ་སྐར་ཆུང་དབང་མོས(གཡས)གྲེས་མོ་གྲོང་ཚོའི་ཡུལ་མིར་ཐུམ་འབུའི་ནད་བརྟག་དཔྱད་བྱེད་བཞིན་པ།

    ཕྱོགས་བསྡུས་གསར་འགྱུར།