འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་གནས་སྤོ་དབུལ་སྒྲོལ་གྱི་བཀོད་སྒྲིག་ས་ཚིགས་ཚང་མ་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

    བཀོད་སྒྲིག་ས་ཚིགས་ཁག་གཅིག་ཏུ་ཟླ་འདིའི་ཟླ་མཇུག་ལ་མང་ཚོགས་སྤོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་གནས་སྤོ་དབུལ་སྒྲོལ་བཀོད་སྒྲིག་ས་ཚིགས་19ཚང་མ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་བཀོད་སྒྲིག་ས་ཚིགས་ཁག་གཅིག་ཏུ་ཟླ་དགུ་པའི་ཟླ་མཇུག་ལ་མང་ཚོགས་སྤོ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་དུད་ཚང་2048ཀྱི་མི་8000གནས་སྤོ་བྱ་རྩིས་ཡོད་པ་དང་དེའི་རིང་གཙོ་བོ་བྱ་ཐབས་གཉིས་སྤྱོད་རྒྱུ་སྟེ། གཅིག་སྡུད་བཀོད་སྒྲིག་དང་ཁ་འགྲེམ་བཀོད་སྒྲིག་གཉིས་རེད།
         2016ལོར་བཀོད་སྒྲིག་ས་ཚིགས་19འཛུགས་སྐྲུན་བྱ་རྩིས་ཡོད་པའི་ནང་གཅིག་སྡུད་བཀོད་སྒྲིག་ས་ཚིགས་18དང་ཁ་འགྲེམ་བཀོད་སྒྲིག་ས་ཚིགས་1ཡོད་ཅིང་། མིག་སྔར་བཀོད་སྒྲིག་ས་ཚིགས་19ཚང་མ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་6བཏང་ཡོད་པ་རེད།
         ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཁྲེང་ཀོན་ཆུས་ཀྱིས་དུད་ཚང་300ཡི་མི་1097གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་རྩིས་ཡོད་ཅིང་། བཀོད་སྒྲིག་ས་ཚིགས་སློབ་གསོ་གྲོང་དུ་ཡོད་པ་དང་། ཐོག་སོ་11ཡོད་པའི་སྡོད་ཁང་སྟར་པ་6འཛུགས་སྐྲུན་བྱ་རྒྱུ། ཁྱོན་མ་དངུལ་སྒོར་ཁྲི་8227.5གཏོང་རྒྱུ། ད་བར་མ་དངུལ་སྒོར་ཁྲི་7988བཏང་ཡོད་པ་རེད། མིག་སྔར་སྡོད་ཁང་འཛུགས་སྐྲུན་ཟིན་ནས་རྟ་སྒ་ཆ་སྒྲིག་གི་ཞོར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དེས་ལས་གྲྭའི་ལས་འབོར་གྱི་96%བཟུང་ཡོད། སྔོན་དཔག་བྱས་ན་ཟླ་དགུ་པའི་ཟླ་མཇུག་ལ་གནས་སྤོ་བྱ་རྒྱུའི་ལས་འགན་ལེགས་སྒྲུབ་ཐུབ་རྒྱུ་དང་། དུད་ཚང་100ཡི་མི་389གནས་ཆུང་གྲོང་རྡལ་འབྲོག་མ་གྲོང་ཚོར་གནས་སྤོ་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཟླ་བཅུ་པའི་ཟླ་སྟོད་དུ་གནས་སྤོའི་ལས་འགན་ལེགས་སྒྲུབ་ཐུབ་རྒྱུ་རེད།
         ལྷུན་གྲུབ་རྫོང་གིས་2016ལོར་དུད་ཚང་300ཡི་མི་1255གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་རྒྱུ་ཡིན་པའི་ནང་ཐང་མགོ་ཤང་ཐང་མགོ་གྲོང་ཚོ་གཡུ་རལ་ཚོགས་ཆུང་དུ་དུད་ཚང་100ཡི་མི་470གཅིག་སྡུད་བཀོད་སྒྲིག་བྱ་རྒྱུ་དང་། མཁར་རྩེ་ཤང་དཔེ་སྣང་གྲོང་ཚོའི་རྟ་མགོ་ཚོགས་ཆུང་དུ་དུད་ཚང་100ཡི་མི་424གཅིག་སྡུད་བཀོད་སྒྲིག་བྱ་རྒྱུ། ལྕང་ར་ཤང་ལྕང་ར་ཤར་གྲོང་ཚོར་དུད་ཚང་100ཡི་མི་361གཅིག་སྡུད་བཀོད་སྒྲིག་བྱ་རྒྱུ་བཅས་རེད། མིག་སྔར་ལྷུན་གྲུབ་རྫོང་གི་གཅིག་སྡུད་གནས་སྤོའི་རྣམ་གྲངས་ལས་གྲྭའི་ལས་འབོར་ཁྲོད་ནས་88%ལེགས་གྲུབ་ཟིན་པ་དང་སྔོན་དཔག་བྱས་ན་ཟླ་བ་དགུ་པའི་ཟླ་མཇུག་ལ་གནས་སྤོའི་ལས་འགན་ལེགས་འགྲུབ་ཡོང་རྒྱུ་རེད།
         ཆུ་ཤུར་རྫོང་གིས་2016ལོར་དུད་ཚང་484ཡི་མི་1942གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་རྒྱུ་ཡིནཔའི་ནང་ཆུ་ཤུར་རྫོང་མེ་འཁོར་བབས་ཚུགས་ཀྱི་ཉེ་འཁོར་དུ་དུད་ཚང་184ཡི་མི་712གཅིག་སྡུད་བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། བཀོད་སྒྲིག་ས་ཚིགས་ཟླ་བདུན་པའི་ཟླ་སྟོད་དུ་ལས་མཇུག་འགྲིལ་བ་དང་མི་712གནས་སྤོ་བྱ་རྒྱུའི་ལས་འགན་ལེགས་གྲུབ་བྱུང་ཡོད། ཚལ་སྣེ་ཤང་ནས་དུད་ཚང་300ཡི་མི་1230གཅིག་སྡུད་གནས་སྤོ་བྱ་རྒྱུ་དང་། རྣམ་གྲངས་ཟླ་7ཚེས་18ཉིན་ལས་འགོ་ཚུགས་པ། ལས་གྲྭའི་ལས་འབོར་ཁྲོད་ནས་25%ལེགས་གྲུབ་བྱུང་བ། སྔོན་དཔག་བྱས་ན་ཟླ་བཅུ་གཉིས་པའི་ཟླ་མཇུག་ལ་གནས་སྤོའི་ལས་འགན་ལེགས་འགྲུབ་ཡོང་རྒྱུ་རེད།
         འདམ་གཞུང་རྫོང་གིས་2016ལོར་དུད་ཚང་100ཡི་མི་465གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་རྒྱུ་ཡིན་པའི་ནང་ཡངས་པ་ཅན་གྲོང་རྡལ་ལ་ཐོག་གྲོང་ཚོའི་དུད་ཚང་130ཡི་མི་126དང་། སྙིང་གྲོང་ཤང་སྟོད་གླིང་གྲོང་ཚོའི་དུད་ཚང་17གྱི་མི་72དང་ཆུ་ཚན་གྲོང་ཚོའི་དུད་ཚང་23གྱི་མི་107 ཀོང་ཐང་ཤང་ལ་རྒན་གྲོང་ཚོའི་དུད་ཚང་20ཡི་མི་106དང་གྲོང་དཀར་གྲོང་ཚོའི་དུད་ཚང་10ཡི་མི་54བཅས་ཚུད་ཡོད་པ་རེད། མིག་སྔར་ལས་གྲྭའི་ལས་འབོར་ཁྲོད་ནས་82%ལེགས་གྲུབ་ཟིན་པ་དང་སྔོན་དཔག་བྱས་ན་ཟླ་བཅུ་པའི་ཟླ་མཇུག་ལ་གནས་སྤོའི་ལས་འགན་ལེགས་འགྲུབ་ཡོང་རྒྱུ་རེད། སྙེ་མོ་རྫོང་གིས་2016ལོར་དུད་ཚང་100ཡི་མི་432གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། བཀོད་སྒྲིག་བྱ་ཡུལ་སྙེ་མོ་རྫོང་གྲོང་གྲོང་སྐོར་ལམ་བྲག་སྐོར་ལམ་དུམ་བུར་ཡིན་་པ། ལས་གྲྭའི་ལས་འབོར་ཁྲོད་ནས་62%ལེགས་གྲུབ་ཟིན་པ། སྔོན་དཔག་བྱས་ན་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་གནས་སྤོའི་ལས་འགན་ལེགས་འགྲུབ་ཡོང་རྒྱུ་རེད།
         སྣེའུ་ཁུལ་གསར་གྱིས་2016ལོར་དུད་ཚང་50ཡི་མི་173གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་རྒྱུ་ཡིན་པའི་ཁྲོད་བདེ་ཡངས་གྲོང་ཚོའི་ལེ་ཚོགས་ཆུང་གི་ཁུལ་ཆུང་དུ་དུད་ཚང་35ཡི་མི་114གཅིག་སྡུད་བཀོད་སྒྲིག་བྱ་རྒྱུ་དང་། ལས་གྲྭ་ཟླ་4ཚེས་20ཉིན་ལས་འགོ་ཚུགས་པ། ལས་གྲྭའི་ལས་འབོར་ཁྲོད་ནས་88%ལེགས་གྲུབ་ཟིན་པ། སྔོན་དཔག་བྱས་ན་འདི་ལོའི་ཟླ་དགུ་པའི་ཟླ་མཇུག་ཏུ་གནས་སྤོའི་ལས་འགན་ལེགས་འགྲུབ་ཡོང་རྒྱུ། སྟག་གདོང་གྲོང་ཚོར་དུད་ཚང་15ཡི་མི་59ཁ་འགྲེམ་བཀོད་སྒྲིག་བྱ་རྒྱུ་དང་། བཀོད་སྒྲིག་ས་ཚིགས་སྟག་གདོང་གྲོང་ཚོར་ཡོད་པ། སྔོན་དཔག་བྱས་ན་ཟླ་དགུ་པའི་ཟླ་མཇུག་ཏུ་གནས་སྤོའི་ལས་འགན་ལེགས་འགྲུབ་ཡོང་རྒྱུ། ཁུང་ཀང་ཁུལ་གསར་གྱིས་2016ལོར་དུད་ཚང་100ཡི་མི་359གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་རྒྱུ་ཡིན་པའི་ནང་ལྷ་སར་དུད་ཚང་17གྱི་མི་52གནས་སྤོ་བྱ་རྒྱུ་དང་། ཁུང་ཀང་ཁུལ་གསར་དུ་དུད་ཚང་83གྱི་མི་307གཅིག་སྡུད་བཀོད་སྒྲིག་བྱ་རྒྱུ། བཀོད་སྒྲིག་ས་ཚིགས་དེ་ཁུང་ཀང་ཁུལ་གསར་གྱི་གྲོང་གསར་དང་རྣམ་རྒྱལ་གླིང་གྲོང་ཚོའི་ས་སྦྲེལ་མཚམས་སུ་ཡོད་པ། བཀོད་སྒྲིག་ས་ཚིགས་2016ལོའི་ཟླ་7ཚེས་2ཉིན་འཛུགས་སྐྲུན་བྱེད་འགོ་ཚུགས་པ། སྔོན་དཔག་བྱས་ན་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་གནས་སྤོའི་ལས་འགན་ལེགས་འགྲུབ་ཡོང་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།