འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ཀྲུང་གོའི་ནགས་ཚལ་ཡུལ་སྐོར་དུས་ཆེན་དང་ཁྲང་པའེ་རི་བོའི་རྒྱལ་སྤྱིའི་སྣོད་
    བཅུད་གླེང་སྟེགས་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན། རྒྱལ་ཁབ་ནགས་ལས་ཅུས་དང་ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི་2016ལོའི་ཀྲུང་གོའི་ནགས་ཚལ་ཡུལ་སྐོར་དུས་ཆེན་དང་ཁྲང་པའེ་རི་བོའི་རྒྱལ་སྤྱིའི་སྣོད་བཅུད་གླེང་སྟེགས་ཅི་ལིན་གྱི་ཁྲང་པའེ་རི་བོའི་འདབས་སུ་འགོ་ཚུགས་པ་རེད། ད་རེས“དྭངས་གཙང་གི་རི་ཆུ་ཀླུང་གསུམ་གསེར་རི་དང་དངུལ་རི་ཡིན་ལ། ཁ་བའི་འདབ་མས་བཀླུབས་པའི་ས་ཆ་ཡང་གསེར་རི་དང་དངུལ་རི་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོར་འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་སྲུང་སྐྱོང་རྩ་འཛུགས་ཀྱི་འཐུས་མི་དང་སྣོད་བཅུད་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་འགྲོ་བ་མིའི་རིགས་ཚང་མར་འཕྲད་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་བརྗོད་གཞི་ཆེན་པོར་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་རྒྱལ་ཡོངས་ཀྱི་ནགས་ཚལ་ཁྲོད་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་དུང་ཕྱུར་10.5ཟིན་ཏེ་རྒྱལ་ནང་གི་ཡུལ་སྐོར་བའི་26%ལས་བརྒལ་ནས་སྤྱི་ཚོགས་ལ་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་7800བྱུང་ཡོད། ཁྲང་པའེ་ཧྲན་རི་བོ་ནི་སུང་ཧྭ་ཅང་གཙང་པོ་(ལྷོའི་ཆུ་འགོ)དང་། ཐུའུ་མོན་ཅང་གཙང་པོ། ཡཱ་ལུའུ་ཅང་གཙང་པོ་བཅས་ཀྱི་རང་བཞིན་དུ་གྲུབ་པའི་ཆུ་འགོ་ཡིན་པས། ཀྲུང་གོའི་བྱང་ཕྱོགས་ཀྱི་སྣོད་བཅུད་རྩ་བ་དང་ཆུ་བོ་ཐམས་ཅད་ཀྱི་ཆུ་འགོ་ཞེས་འབོད། ད་རེས་ཀྱི་བྱེད་སྒོའི་ནང་རྒྱལ་ཡོངས་ནགས་ཚལ་ཡུལ་སྐོར་མཛེས་ལྗོངས་འགྲེམས་སྟོན་དང་། རྒྱལ་ཡོངས་སྣོད་བཅུད་སོས་དལ་ཐོན་ཟོག་འགྲེམས་སྟོན། རྒྱལ་ཡོངས་ནགས་ཁྲོད་མཱ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་སྐབས་དང་པོ་སོགས་བྱེད་སྒོ་ཆུང་གྲས་མང་པོ་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།