འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ལོ་ཚོགས་སྐབས་བཅོ་བརྒྱད་པ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན་གྱི་སྔ་དྲོ། “གསར་གཏོད་འཕེལ་རྒྱས་དང་ཚན་རྩལ་སྣེ་ཁྲིད”བརྗོད་བྱ་གཙོ་བོར་བྱས་པའི་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ལོ་ཚོགས་སྐབས་བཅོ་བརྒྱད་པ་ཧྲའན་ཤིས་ཤིས་ཨན་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཚན་རྩལ་པུའི་པུའུ་ཀྲང་བཅས་ཡིན་པའི་དབན་ཀང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         སྐབས་འདིའི་ལོ་ཚོགས་ཀྲུང་གོ་ཚན་རྩལ་་མཐུན་ཚོགས་དང་ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཁང་གཉིས་ཀྱི་ཡོའན་ཧྲི་དང་རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་ལས་དོན་པའི་འཐུས་མི་2400ཙམ་ལོ་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།
         སྐབས་འདིའི་ཚན་རྩལ་མཐུན་ཚོགས་ཀྱི་ལོ་ཚོགས་ཟླ་9ཚེས་24ནས་26ཉིན་བར་ཤིས་ཨན་གྲོང་ཁྱེར་དུ་འཚོག་པ་དང་། ལོ་ཚོགས་དེ“ཚན་རྩལ་ལས་དོན་པར་ཞབས་འདེགས་ཞུ་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཞབས་འདེགས་ཞུ་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུར་ཞབས་འདེགས་ཞུ་བ། ཏང་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་ཞབས་འདེགས་ཞུ་བ”བཅས་དམིགས་ཡུལ་དུ་བྱས་ཏེ“ཚད་གཞི་མཐོ་བ་དང་། སྤུས་ཀ་དག་པ། ཏན་ཏིག”བཅས་ཀྱི་སྤྱིའི་བླང་བྱ་དང“ཚོགས་འདུ་དང་། འགྲེམས་སྟོན། འགྲན་བསྡུར”བཅས་ཀྱི་རྣམ་པ་གཙོ་བོའི་ཐོག་ནས་རིག་གཞུང་སྤེལ་རེས་བྱེད་སྒོ་ཁག་16གཉེར་བ་དང་། དམངས་ཡོངས་ཚན་རྩལ་གསར་གཏོད་ཀྱི་འགྲེམས་ཚོགས་ནང་མཉམ་ཞུགས། རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་བྱ་གཞག་གསར་གཏོད་ཀྱི་འགྲན་བསྡུར་ཆེ་མོ་དང་དམག་དམངས་ཡོའན་ཧྲིའི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུར་མཉམ་ཞུགས་དང་དེ་བཞིན་ཚན་རྩལ་ཤེས་བྱ་ཁྱབ་གདལ་བྱེད་སྒོ་ཁག་8དང་ཆེད་དོན་བྱེད་སྒོ་ཁག་3སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།