འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཆེན་ཀྲོའུ་ཡིས་གྲོང་གསེབ་ཀྱི་ཁང་པའི་བདག་དབང་གཏན་འཁེལ་ཐོ་འགོད་བྱས་
    ནས་ལག་ཁྱེར་སྤྲོད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ཡུན་ནན་བདེ་ཆེན་ཀྲོའུ་ཡི་རིམ་ཁག་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་གྱིས་སྒྲིག་སྲོལ་དང་ལམ་སྲོལ་བཙུགས་ཏེ་གྲོང་གསེབ་ཀྱི་ཁང་པའི་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ནས་ལག་ཁྱེར་སྤྲོད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་བདེ་ཆེན་ཀྲོའུ་ཡིས་གྲོང་གསེབ་ཀྱི་ཁང་པའི་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ནས་ལག་ཁྱེར་སྤྲོད་པའི་ལས་ཀ་སྤེལ་བ་ནས་བཟུང་། ཀྲོའུ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་《བདེ་ཆེན་ཀྲོའུ་ཡི་གྲོང་གསེབ་ཀྱི་ཁང་པའི་བདག་དབང་གཏན་འཁེལ་ལས་ཀའི་ལག་བསྟར་བསམ་འཆར་》གྱི་འཆར་ཟིན་བཀོད་ནས་གོང་འབུལ་ཞུས་པ་མ་ཟད། ཀྲོའུ་ཡི་གྲོང་གསེབ་ཀྱི་ཁང་པའི་བདག་དབང་གཏན་འཁེལ་ལས་ཀའི་འགོ་ཁྲིད་ཚོགས་ཆུང་དང་གཞུང་དོན་ཁང་བཙུགས་ཏེ་རྫོང་(གྲོང་ཁྱེར་དང་ཆུས)གི་སྡོད་ཁང་དོ་དམ་སྡེ་ཚན་ལ་《བསམ་འཆར་》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་གྲོང་གསེབ་ཀྱི་ས་ཆའི་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ནས་ལག་ཁྱེར་སྤྲོད་པའི་ལས་ཀ་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད།
         ད་ཆ་འབའ་ལུང་རྫོང་དང་བདེ་ཆེན་རྫོང་གིས་《གྲོང་གསེབ་ཀྱི་ཁང་པའི་བདག་དབང་གཏན་འཁེལ་ལས་ཀའི་ལག་བསྟར་ཇུས་གཞི་》བཟོས་པ་དང་། འབའ་ལུང་རྫོང་གི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཅུས་ཀྱིས་ཐིག་རིས་ཀུང་སིར་གྲོང་གསེབ་ཀྱི་ཁང་པའི་ས་ཁྱོན་ཐིག་རིས་འཇལ་བའི་ལས་ཀ་སྒྲུབ་ཏུ་བཅུག་ནས་ཡུང་ཁྲུན་ཤང་ལ་ཁང་པའི་བདག་དབང་གཏན་འཁེལ་ཚོད་ལྟ་བྱ་རྒྱུའི་ཐག་བཅད་པ་དང་། ད་ཆ་གྲོང་གསེབ་ཀྱི་ཁང་པའི་ས་ཁྱོན་ཐིག་རིས་འཇལ་བ་དང་། ཁང་ས་དང་མཉམ་སྡེབ་ཀྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་སྤྱོད་འཐུས་ལག་ཁྱེར་སྤྲོད་པ་སོགས་ཀྱི་དུས་འགོའི་ལས་ཀ་སྤེལ་བཞིན་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་《གྲོང་གསེབ་ཀྱི་ཁང་པའི་བདག་དབང་གཏན་འཁེལ་ལས་ཀའི་ལག་བསྟར་ཇུས་གཞི་》སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་གོང་འབུལ་ཞུས་ནས་མཆན་འགོད་བཀའ་ལན་ཡོང་རྒྱུ་སྒུག་སྟེ་ཡང་ཐང་གྲོང་རྡལ་ལ་ཁང་པའི་བདག་དབང་གཏན་འཁེལ་གྱི་ཚོད་ལྟ་བྱ་རྩིས་ཡོད་པ། གསར་སྤེལ་ཁུལ་དུ་གྲོང་གསེབ་ཀྱི་ཁང་ས་བརྟག་དཔྱད་ལས་ཀ་བསྒྲུབས་ཟིན་ནས་གྲོང་གསེབ་ཀྱི་ཁང་པའི་བདག་དབང་གཏན་འཁེལ་ཐོ་འགོད་ཀྱི་དུས་འགོའི་ལས་ཀ་སྒྲུབ་བཞིན་ཡོད།
         གོམ་སྟབས་རྗེས་མར་རིམ་ཁག་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་གྱིས་མཐུན་སྦྱོར་དང་གཞོགས་འདེགས་ཀྱིས་རྒྱལ་ཁབ་ས་ཆ་ཐོན་ཁུངས་དང་། འཆར་འགོད། སྤྱི་བདེ། དམངས་སྲིད་སོགས་སྡེ་ཚན་དང་མཉམ་ལས་བྱས་ཏེ་ཁང་ས་བརྟག་དཔྱད་དང་། འཆར་འགོད་ཞིབ་དཔྱད། ཁང་པའི་རྒྱ་ཁྱོན་ཚད་འཇལ། ཁང་པའི་སྤུས་ཚད་ལེགས་ཉེས་གཏན་འཁེལ་སོགས་ཀྱི་ལས་ཀ་མཉམ་དུ་སྤེལ་ནས་གྲོང་གསེབ་ཀྱི་ཁང་པ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་ཀར་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་ཡིན་པ་མ་ཟད། དྲིལ་བསྒྲགས་དང་གསོ་སྦྱོང་བྱ་ཤུགས་ཆེ་རུ་བཏང་སྟེ་བརྙན་འཕྲིན་དང་རླུང་འཕྲིན་སོགས་སྨྱན་སྦྱོར་བརྒྱུད་མང་ཚོགས་ལ་གྲོང་གསེབ་ཀྱི་ཁང་པའི་བདག་དབང་གཏན་འཁེལ་གྱི་སྲིད་ཇུས་དང་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་ཡག་པོ་བྱས་པ་དང་རྫོང་(གྲོང་ཁྱེར་དང་ཆུས)ཁག་གི་བདག་དབང་དང་ཁང་པའི་གནས་ཚུལ་དོ་དམ་ལས་སྒོའི་རྐང་འཛིན་པ་གཏོང་རྒྱུ་སྒྲིག་འཛུགས་བྱས་པ་དང་ཐིག་རིས་ཀུང་སིའི་ཆེད་ལས་པ་ཤང་གྲོང་ཁག་ལ་ལས་སྒོའི་གསོ་སྦྱོང་ནང་གཞོགས་འདེགས་བྱེད་པར་བཏང་ནས་ལས་ཀའི་ཁྲོད་ཀྱི་དོགས་གནད་འཕྲལ་དུ་བསལ་ཏེ་ཤང་གྲོང་གི་གྲོང་གསེབ་ཀྱི་ཁང་པའི་བདག་དབང་གཏན་འཁེལ་ལས་ཀ་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།