འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་
    འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་
འཚོགས་པ།
         ཝུའུ་དབྱིང་ཅེས་ཞུགས་ནས་ནེ་པ་ལའི་རྒྱལ་སྟོན་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་མི་ཉམས་ཡུན་གནས་ཐུབ་པ་དང་ནེ་པ་ལ་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་གནང་བ།  
         པད་མ་འཕྲིན་ལས་དང་བློ་བཟང་རྒྱལ་མཚན་ཕེབས་པ་དང་། ཀེ་པིང་ཏེ་·པ་ཧ་ཏུའར་·ཁའར་ཅི་དང་ཏེང་ཞའོ་ཀང་རྣམ་གཉིས་ཀྱིས་ཤིས་ཚིག་གསུངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སྣེ་ལེན་ཚོགས་འདུར་ཞུགས་ནས་ནེ་པ་ལའི་རྒྱལ་སྟོན་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་མི་ཉམས་ཡུན་གནས་ཐུབ་པ་དང་ནེ་པ་ལ་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་གནང་བ་རེད། 
         ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རྣམ་གཉིས་ཕེབས་པ། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་ཀེ་པིང་ཏེ་·པ་ཧ་ཏུའར་·ཁའར་ཅི་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏེང་ཞའོ་ཀང་རྣམ་གཉིས་ཀྱིས་ཁག་སོ་སོར་ཤིས་ཚིག་གསུངས་པ། 
         རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་རུའེ་ལེན་དང་། ཅུས་ཅན་ཧྭ། ངག་དབང་། ཀའོ་དབན་ཧའེ། ཅ་ལི་གོ་སོགས་ཕེབས་ཡོད་པ་རེད། 
         སྣེ་ལེན་ཚོགས་འདུ་མ་འཚོག་གོང་། ཝུའུ་དབྱིང་ཅེས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་ཀེ་པིང་ཏེ་·པ་ཧ་ཏུའར་·ཁའར་ཅི་དང་མཇལ་འཛོམས་གནང་བ་རེད། ཝུའུ་དབྱིང་ཅེས་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་དབར་ལོ་ངོ་སྟོང་ཕྲག་རིང་གི་མཛའ་མཐུན་སྤེལ་རེས་ཀྱི་ལོ་རྒྱུས་ལྡན་ཡོད་པ་དང་། ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལ་དབར་བར་ཐག་ཧ་ཅང་ཉེ་བ་དང་རི་ཆུ་འབྲེལ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་མཐུན་ལོ་རྒྱུས་རིང་བས་རྩ་བ་ཟབ་ཅིང་ལོ་མ་རྒྱས་པ་ལྟ་བུ་རེད། ཀྲུང་གོ་དང་ནེ་པ་ལའི་དབར་དངོས་སུ་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་ངང་གོང་འཕེལ་བརྟན་པོ་བྱུང་ཡོད། ནེ་པ་ལས་ཀྲུང་གོ་གཅིག་གི་སྲིད་ཇུས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་དུས་སྐབས་ཁག་དང་དོན་རྐྱེན་གལ་ཆེན་ཁྲོད། ང་ཚོར་བསམ་ཤེས་གང་ལེགས་དང་རྒྱབ་སྐྱོར་ནུས་ལྡན་བྱས་པར་ང་ཚོས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ན་ནིང་ནེ་པ་ལར“4·25”ཡི་ས་ཡོམ་ཆེན་པོ་བརྒྱབ་རྗེས་བོད་རང་སྐྱོང་ལྗོངས་ཀྱིས་རང་ངོས་ཀྱི་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཁར། ནེ་པ་ལར་ནུས་པས་གང་ལྕོགས་ཀྱི་རོགས་རམ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་བརྟན་དུ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྲོལ་རྒྱུན་མཛའ་མཐུན་སྔར་བས་ཟབ་ཏུ་བཏང་ཡོད། མཐའ་འཁོར་གྱི་ཕྱི་འབྲེལ་ལས་དོན་སྐོར་གྱི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་བོད་རང་སྐྱོང་ལྗོངས་ཀྱིས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཐོག་ཁྱིམ་མཚེས་རྒྱལ་ཁབ་དབར་དུས་བདེ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་མཐུན། ཁྱིམ་མཚེས་རྒྱལ་ཁབ་ཕྱུག་པོ་བཅས་ཡོང་བ་མཐའ་འཁྱོངས་བྱས་ཏེ་སྙིང་ཉེ་བ་དང་། ལྷག་བསམ་ཟོལ་མེད། ཕན་འདོགས་པ། ཁོང་ཡངས་དཀྱེལ་ཆེ་བཅས་ཀྱི་འདུ་ཤེས་ལ་གཞིགས་ནས་ཕྱོགས་གཉིས་པོའི་སྤེལ་རེས་དང་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་ལ་སྐུལ་མ་ཧུར་ཐག་གཏོང་བ། དམངས་ཁྲོད་ཀྱི་སྤེལ་རེས་ལ་སྐུལ་མ་ཤུགས་ཆེན་གཏོང་བ། སྤྱི་པའི་ཕྱི་འབྲེལ་ལ་མཐོང་ཆེན་བྱེད་པ། ཕྱོགས་གཉིས་པོའི་དཔལ་འབྱོར་མཉམ་ལས་རྒྱ་ཆེར་གཏོང་བ། ཕྱོགས་གཉིས་པོའི་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་བ། ནེ་པ་ལ་ཕྱོགས་ལ་མ་འཇོག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཕྱོགས་གཉིས་པོའི་མཛའ་མཐུན་འབྲེལ་བའི་ཆུ་ཚད་གོང་མཐོར་ཧུར་ཐག་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མི་ཉམས་ཡུན་དུ་གནས་ཐུབ་པ་དང་ནེ་པ་ལའི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 
         སྤྱི་ཁྱབ་ཁེ་སྐྱོང་བ་ཀེ་པིང་ཏེ་·པ་ཧ་ཏུའར་·ཁའར་ཅིས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཚབ་ཞུས་ནས་ཀྲུང་གོ་དང་དེ་བཞིན་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེའང་ཞུས་པ་རེད།
         ཀེ་པིང་ཏེ·པ་ཧ་ཏུའར·ཁའར་ཅིས་ནེ་པ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡག་པོ་ཡོད་པ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་། བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱས་པའི་རྨང་གཞིའི་ཐོག་བྱུང་བ་ཞིག་ཡིན། ནེ་པ་ལས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་ནེ་པ་ལའི་མངའ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྒོ་གཅིག་ཀྱང་ཐོན་དུ་འཇུག་རྒྱུ་མིན་ལ། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་སྟེ་མཉམ་ལས་འཕེལ་རྒྱས་དང་གཉིས་ཁེ་གཉིས་ཕན་གྱི་ལམ་བུ་གསར་པ་རྒྱ་ཆེར་ཧུར་ཐག་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 
         ཏེང་ཞའོ་ཀང་གིས་ཤིས་ཚིག་གསུང་སྐབས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ནེ་པ་ལ་སྲིད་གཞུང་དང་མི་དམངས་ལ་སྨོན་འདུན་བཟང་པོ་དང་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཀྲུང་གོ་དང་ནེ་པ་ལ་ནི་ས་འབྲེལ་དང་གཅིག་ལ་གཅིག་བརྟེན་ཡིན་པས་བརྩེ་དུང་ཟབ་མོ་ལྡན་ཡོད། ཀྲུང་གོ་དང་ནེ་པ་ལའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་བགྲང་བྱ་61སོང་རིང་། ནེ་པ་ལ་སྲིད་གཞུང་གིས་བོད་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ནེ་པ་ལའི་མངའ་ཁོངས་སུ་ཁ་ཕྲལ་སིམ་འཛུལ་གྱི་གཏོར་བཤིག་བྱེད་སྤྱོད་སྤེལ་རྒྱུར་ངོ་རྒོལ་དང་བཀག་འགོག་བྱེད་པ་མ་ཟད། རྒྱལ་སྤྱིར་འགྱུར་ལྡོག་ཅི་འདྲ་བྱུང་ཡང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བར་ཉམས་སད་ཐེག་ནས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། རོགས་རེས་མཉམ་ལས་བྱེད་པ། ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་ལྡན་པའི་མིག་དཔེ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ན་ཆོག་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།