འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་ཚོང་པའི་ཚོགས་འདུ་སྐབས་གསུམ་པ་ཀོང་ཀྲོའུ་རུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན། ཀོང་ཏུང་ཚོང་པའི་ཚོགས་འདུ་སྐབས་གསུམ་པ་ཀོང་ཀྲོའུ་རུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲུན་ཧྭ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཆན་མིང་འགོ་ཚུགས་མཛད་སྒོར་ཕེབས་ནས་ཤིས་ཚིག་གསུངས་པ་རེད།
         རྒྱལ་ཡོངས་ས་ཆ་ཁག་གི་ཀོང་ཏུང་ཚོང་པའི་འཐུས་མི་དང་ཤང་ཀང་དང་ཨའོ་མོན་བཟོ་ཚོང་ཚོགས་པ་དང་དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་ཀོང་ཏུང་གི་ཁེ་ལས་མཁས་ཅན་1200ཙམ་ད་རེས་ཀྱི་ཚོགས་འདུར་ཞུགས་ཡོད། ཚོགས་ཆེན་འཚོག་སར་དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་གལ་ཆེན་20ཙམ་ལ་མིང་རྟགས་བཀོད་པར་གན་རྒྱའི་དངུལ་སྒོར་དུང་ཕྱུར་268ཟིན་པ་དང་། དངུལ་རྩའི་སྒྲིག་གཞི་12ཀྱིས་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ། ཀོང་ཏུང་གི་དམངས་གཉེར་མ་འཇོག་མ་རྐང་ཚད་ཡོད་ཀུང་སའི་སྒོ་བྱང་བཀལ་བ་མ་ཟད། ཚོགས་ཆེན་ཐོག་《ཀོང་ཏུང་ཚོང་པའི་བསྒྲགས་གཏམ་》སྤེལ་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀོང་ཏུང་ཚོང་པས་ཀོང་ཏུང་ཚོང་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས་རྒྱལ་གཅེས་ལས་བརྩོན་དང་། ཁྲིམས་མཐུན་ཚོང་གཉེར། ལས་གཏོད་གསར་གཏོད་བཅས་བྱས་ཏེ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།