འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་འདུ་ཁང་བསྐྱར་སྐྲུན་ལས་ཀ་བདེ་བླག་ངང་
    སྒྲུབ་བཞིན་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་འདུ་ཁང་བསྐྱར་སྐྲུན་ལས་ཀ་བདེ་བླག་ངང་
སྒྲུབ་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། མེ་སྐྱོན་བྱུང་བ་ལས་གཏོར་བཤིག་ཐེབས་པའི་སི་ཁྲོན་ཞིང་ཆེན་གྱི་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་འདུ་ཁང་བསྐྱར་སྐྲུན་གྱི་ལས་ཀ་བདེ་བླག་ངང་སྒྲུབ་བཞིན་ཡོད་ལ། འདུ་ཁང་གི་ཕྱོགས་གཙོ་བོ་ལེགས་གྲུབ་བྱུང་ཡོད་པས། མིག་སྔར་འདུ་ཁང་ནང་གི་ཚོན་བྱུགས་ལས་ཀ་སྒྲུབ་བཞིན་ཡོད་པ་རེད།
         བྱམས་ཆེན་ཆོས་འཁོར་གླིང་གི་མཚན་གཞན་ལ་ལི་ཐང་དགོན་པ་ཡང་ཟེར་ཞིང་། དེ་ནི་1580ལོར་གསར་བཞེངས་གནང་བ་ཞིག་ཡིན་པས། བོད་ཁུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་ལ་འཛུགས་སྐྲུན་གཞི་རྒྱ་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའ་ཡི་དགོན་སྡེ་ཞིག་ཡིན་པ་མ་ཟད། ཁམས་ཕྱོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའ་ཡི་གནས་ཆེན་ཞིག་དང་སི་ཁྲོན་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོབ་ཚན་པ་ཡང་ཡིན་པ་རེད། 
         2013ལོར་ཟླ་11ཚེས་16ཉིན་གྱི་ཆུ་ཚོད་21དང་སྐར་40ཡོལ་བ་ཙམ་ལ། བྱམས་ཆེན་ཆོས་འཁོར་གླིང་གི་འདུ་ཁང་ལ་མེ་སྐྱོན་བྱུང་ནས་གཏོར་བཤིག་ཐེབས་པ་དང་། 2014ལོའི་ཟླ་5པར་འདུ་ཁང་གི་བསྐྱར་སྐྲུན་ལས་ཀའི་འགོ་བརྩམས་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།སི་ཁྲོན་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་འདུ་ཁང་བསྐྱར་སྐྲུན་ལས་ཀ་བདེ་བླག་ངང་
སྒྲུབ་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།