འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།གསེར་བྱའི་གློག་བརྙན་དུས་ཆེན་སྐབས་ཉེར་ལྔ་པ་མཇུག་འགྲིལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།གསེར་བྱའི་གློག་བརྙན་དུས་ཆེན་སྐབས་ཉེར་ལྔ་པ་མཇུག་འགྲིལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན། ཀྲུང་གོའི་གསེར་བྱ་གློག་བརྙན་དུས་ཆེན་སྐབས་ཉེར་ལྔ་པ་དང་སྤྱི་དམངས་ཀྱིས་དགའ་པོ་བྱེད་པའི་གློག་བརྙན་བྱ་དགའ་སྤྲོད་པའི་སྐབས་སོ་གསུམ་པའི་མཇུག་འགྲིལ་མཛད་སྒོ་ཧོ་པེ་ཐང་ཧྲན་དུ་གཉེར་བ་རེད།
         ཝུའར་ཧྲན་ལ་འཁྲབ་ཁྲིད་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། ཚའོ་པའོ་ཕིང་དང་ཅའོ་ཧྭ་ཅིང་ལ་འཁྲབ་རྩོམ་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད། ཚེ་གང་གྲུབ་འབྲས་ཐོབ་པའི་གློག་བརྙན་སྒྱུ་རྩལ་མཁས་ཅན་གྱི་མཚན་སྙན་དེ་ཐའོ་ཡུས་ལིང་དང་། ཀེ་ཚོན་ཀྲོང་། ལེའང་ཤིན། ཞེ་ཧྥང་བཅས་སྒྱུ་རྩལ་བ་རྒན་གྲས་བཞི་ལ་སྤྲད་པ་རེད།
         ཀྲུང་གོའི་གསེར་བྱ་གློག་བརྙན་དུས་ཆེན་སྐབས་ཉེར་དྲུག་པ་དང་ཀྲུང་གོའི་གློག་བརྙན་གསེར་བྱའི་བྱ་དགའ་མཐའ་མའི་དཔྱད་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་སྐབས་སོ་གཅིག་པ་ཕྱི་ལོ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧེ་ཧའོ་ཐེ་གྲོང་ཁྱེར་དུ་གཉེར་རྒྱུ་རེད།
    【1】  【2】  【3】  【4】  【5】
    ༄༅།།གསེར་བྱའི་གློག་བརྙན་དུས་ཆེན་སྐབས་ཉེར་ལྔ་པ་མཇུག་འགྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།