འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཐུམ་འབུའི་ནད་ཀྱི་ནད་དཔེ་2000ལྷག་ཙམ་འདེམས་རྩིས་ཡོད་པ།

    ནད་ཕོག་མཁན་རྣམས་དུས་ཁག་དབྱེ་ནས་གཤག་བཅོས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ཐུམ་འབུའི་ནད་ཁྱབ་ཚུལ་དང་གནོད་འཚེའི་ཚད་གཞི་ཤེས་རྟོགས་བྱ་ཆེད། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བོད་ཀྱི་འགོག་བཅོས་ལས་དོན་གྱི་རྨང་གཞི་ཞན་པ་དང་། ཆེད་ལས་ལག་རྩལ་མི་སྣ་དཀོན་པ། མ་དངུལ་དཀོན་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་2016ལོའི་ཟླ་7པར་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17ནས་མངགས་པའི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་བོད་རང་སྐྱོང་ལྗོངས་ལ་ཐུམ་འབུའི་ནད་ཁྱབ་ཚུལ་གྱི་བརྟག་དཔྱད་ལས་དོན་སྤེལ་རོགས་བྱས་པ་རེད། ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་ཁྱབ་ཚུལ་གྱི་བརྟག་དཔྱད་ལས་དོན་དེ་རྫོང་དང་ཆུས་70ལ་སྤེལ་བ་དང་སྔོན་དཔག་བྱས་ན་ཟླ་འདིའི་ཟླ་སྨད་དུ་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།
         ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ལྗོངས་ཡོངས་ཀྱི་ཐུམ་འབུའི་ནད་ཁྱབ་ཚུལ་གྱི་བརྟག་དཔྱད་ལས་དོན་ད་ལྟ་རྫོང་དང་ཆུས་70ལ་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད་པ་དང་འབྲེལ་དུས་ཚོད་ཀྱི་འཕེལ་རིམ་གཞིར་བཟུང་བཀོད་སྒྲིག་བརྟན་པོ་བྱེད་བཞིན་ཡོད། ཟླ་8ཚེས་20ཉིན་ནས་ཚེས་28ཉིན། རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་བོད་སྐྱོར་རིགས་གཅིག་མཁས་ཅན་དང་ལྗོངས་ནང་ཁུལ་གྱི་རིམ་ཁག་སྐོར་སྐྱོད་ལས་དོན་མི་སྣ་700ལྷག་ཙམ་དུས་ཁག་གསུམ་ལ་དབྱེ་ནས་ཆེད་དོན་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་ནད་པར་བརྟག་དཔྱད་དང། དངོས་དཔེ་འཚོལ་བསྡུ། གྲངས་གཞི་ཕབ་འཇུག ཆ་འཕྲིན་གོང་ཞུ་སོགས་རེད། གསོ་སྦྱོང་མཇུག་འགྲིལ་རྗེས། ས་ཁུལ་དང་གྲོང་ཁྱེར་ཁག་གིས་བླང་བྱ་གཞིར་བཟུང་། འཕྲལ་མར་བོད་སྐྱོར་རིགས་གཅིག་མཁས་ཅན་ས་གནས་དེ་གས་སྒྲིག་འཛུགས་བྱས་ནས་སྤེལ་བའི་བརྟག་དཔྱད་ལས་དོན་སྤེལ་བར་ཁྲིད་པ་རེད།
         ཟླ་9ཚེས་9ཉིན་བར། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་70ནས་མི་61974འདེམས་སྒྲུག་བརྒྱབ་པའི་ནང་Bསྒྲ་རླབས་བརྒྱུད་ནས་མི་865ལ་ནད་རྟགས་ཡོད་པ་དང་མི་440ལ་ནད་རྟགས་དེ་འདྲ་བ་ཡོད་པ་ཤེས་པ་མ་ཟད། མི་474ལ་ཁྲག་བརྟག་དཔྱད་བྱས་པ་རེད། མི་1289ལ་བརྟག་དཔྱད་པ་དང་འབྲེལ་གྲོང་མིའི་དུད་ཚང་5996ལ་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་ཇུས་གཞི་གཞིར་བཟུང་། ལྗོངས་ཡོངས་ཀྱིས་འཆར་གཞི་བྱས་ན་གྲོང་ཚོ་364ལ་བརྟག་དཔྱད་བྱ་རྒྱུ་ཡིན་པ་དང་མིག་སྔར་གྲོང་ཚོ་265ལ་བརྟག་དཔྱད་བྱས་ཟིན་པ་དེས་ལས་དོན་འཆར་གཞིའི་73%བཟུང་ཡོད། ལས་ཀའི་ལས་ཆོད་ནས་བལྟས་ན། ཟླ་དགུ་པའི་ཟླ་སྨད་དུ་བརྟག་དཔྱད་ལས་དོན་ཚང་མ་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་སྐོར་སྐྱོད་ལས་དོན་མཇུག་འགྲིལ་རྗེས། ཐུམ་འབུའི་ནད་ཀྱི་ནད་དཔེ་2000ལྷག་ཙམ་འདེམས་རྩིས་ཡོད་པ་རེད། རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་བཅིངས་འགྲོལ་དམག་སྨན་ཁང་ཨང་302ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཐུམ་འབུའི་ནད་སྨན་བཅོས་ལྟེ་གནས་མུ་མཐུད་ཧུར་ཐག་བསྐྲུན་ནས་ཐུམ་འབུའི་ནད་ཀྱི་ནད་ཐོག་སྨན་བཅོས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་གཤགས་བཅོས་སྨན་བཅོས་ཀྱི་ཆ་རྐྱེན་དང་འཚམ་པའི་ཐུམ་འབུའི་ནད་ཕོག་མཁན་ལ་དུས་ཁག་དབྱེ་ནས་གང་མགྱོགས་གཤག་བཅོས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།