འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ལི་ཐང་རྫོང་དུ་སྐར་མ་36ནང་ས་ཡོམ་རིམ་པ་4.9ཅན་ཞིག་དང་5.1ཅན་ཞིག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་ཁྲོན་ལི་ཐང་རྫོང་དུ་སྐར་མ་36ནང་ས་ཡོམ་རིམ་པ་4.9ཅན་ཞིག་དང་5.1ཅན་ཞིག་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་བྱས་པར་གཞིགས་ན། ཟླ་9ཚེས་23ཉིན་གྱི་ཆུ་ཚོད་00:47ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལི་ཐང་རྫོང་(འཕྲེད་ཐིག་བྱང་མ་ཏུའུ་30.09དང་གཞུང་ཐིག་ཤར་མ་ཏུའུ་99.64ཡི་མཚམས)དུ་ས་ཡོམ་རིམ་པ་4.9བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་19ཡོད་པ་རེད། ཉིན་དེའི་ཆུ་ཚོད་01:47ཐོག་ལི་ཐང་རྫོང་(འཕྲེད་ཐིག་བྱང་མ་ཏུའུ་30.10དང་གཞུང་ཐིག་ཤར་མ་ཏུའུ་99.61ཡི་མཚམས་)དུ་ས་ཡོམ་རིམ་པ་5.1བྱུང་ཞིང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་16ཡོད་པ་རེད། ཉེ་འཁོར་གྱི་ཤང་དང་གྲོང་རྡལ་དུ་ཡོམ་ཚོར་གསལ་པོ་ཡོད་ན་ཡང་། མིག་སྔའི་བར་དུ་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།