འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཀྲོའུ་ཡི་མང་ཚོགས་ཁྲི་6ལ་བདེ་འཇགས་ལྡན་པའི་ཆུ་འཐུང་རྒྱུ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱས་པར། 2016ལོའི་ལོ་འཁོར་གྱི་དཀར་མཛེས་ཀྲོའུ་སེར་ཤུལ་རྫོང་ཐུམ་འབུའི་ནད་ཕོག་ཁུལ་དུ་ཁྲོན་འདྲུས་ཆུ་འདོན་ལས་གྲྭ་ཉེ་ཆར་ཚང་མ་ལེགས་གྲུབ་ཟིན་པའི་ནང་ཆུ་མཁོ་འདོན་ཁྲོན་པ་150འདྲུ་བའི་ལས་ཀ་ལེགས་སྒྲུབ་བྱས་ཏེ་སེར་ཤུལ་དང་། འཇུ་སྒར། ཁྲོ་ཤུལ་གོང་མ་སོགས་ཤང་(གྲོང་རྡལ)19ཡི་མི་9720ཡི་བདེ་འཇགས་ལྡན་པའི་ཆུ་འཐུང་བའི་གནད་དོན་ཐག་གཅོད་བྱས་ཡོད། ད་བར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམངས་འཚོའི་འདུ་འགོད་ཀྱི་ཐུམ་འབུའི་ནད་ཕོག་ཁུལ་དུ་འཐུང་ཆུ་འཚོལ་བ་དང་། ཁྲོན་པ་འདྲུ་བ། ཆུ་མཁོ་འདོན་བཅས་ཀྱི་ལས་གྲྭར་ལོ་4རྗེས་བདེ་བླག་ངང་མཇུག་འགྲིལ་བ་རེད།
         ཕྱུགས་རིགས་ཀྱིས་སྦགས་བཙོག་བཟོས་པའི་རྒྱུག་ཆུ་དང་རྫིང་ཆུ་འཐུང་བ་ནི་ཐུམ་འབུའི་ནད་ཐོན་རྐྱེན་གཙོ་བོ་ཡིན་ཞིང་། 2012ལོའི་ཟླ་བདུན་པར་ཞིང་ཆེན་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཐིང་གིས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕོག་ཁུལ་གྱི་ས་འོག་ཆུའི་ཐོན་ཁུངས་ལ་འཕྲལ་སྡོམ་བརྟག་དཔྱད་དང་བདེ་འཇགས་ངང་ཆུ་མཁོ་འདོན་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཡོད། དེ་སྔ་སེར་ཤུལ་རྫོང་གི་ཤང་(གྲོང་རྡལ)11ལ་དཔེ་སྟོན་ཁྲོན་པ་50དྲུས་ནས་མི་8000གི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད།
         《དཀར་མཛེས་ཀྲོའུ་ཡི་ཐུམ་འབུའི་ནད་ཕོག་ཁུལ་གྱི་ས་འོག་ཆུ་བརྟག་དཔྱད་དང་ཁྲོན་འདྲུ་ཆུ་མཁོ་འདོན་ལས་གྲྭའི་སྤྱིའི་ལག་བསྟར་ཇུས་གཞི་》གཞིར་བཟུང་། 2014ལོ་ནས་ད་བར་གྱི་ལོ་3ནང་སེར་ཤུལ་དང་། དཔལ་ཡུལ། ལི་ཐང་། གསེར་ཐང་། སྡེ་དགེ་སོགས་ཐུམ་འབུའི་ནད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པའི་རྫོང་5ལ་ས་འོག་ཆུ་བརྟག་དཔྱད་དང་ཁྲོན་འདྲུ་ཆུ་མཁོ་འདོན་ལས་གྲྭ་ལག་བསྟར་བྱས་ཏེ་ཆུ་མཁོ་འདོན་ཁྲོན་པ་504དང་དེ་བཞིན་ཆ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་སྔ་རྗེས་སུ་ལེགས་སྒྲུབ་བྱས་ཡོད། དེ་དང་དུས་མཚུངས་རྣམ་གྲངས་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཆེད་ཞིང་ཆེན་སྲིད་གཞུང་གིས་ཆེད་མངགས་མ་དངུལ་སྒོར་དུང་ཕྱུར་1.7གྲབས་གསོག་བྱས་པ་རེད།
         ལོ་4ཡི་ནང་། དཀར་མཛེས་ཀྲོའུ་ཡི་ཐུམ་འབུའི་ནད་ཕོག་ཁུལ་དུ་འཐུང་ཆུ་འཚོལ་བ་དང་། ཁྲོན་པ་འདྲུ་བ། ཆུ་མཁོ་འདོན་བཅས་ཀྱི་ལས་གྲྭའི་ནང་ཆུ་མཁོ་འདོན་ཁྲོན་པ་554དྲུས་པ་དང་ལས་གྲྭའི་སྤྱིའི་འདྲུ་ཚད་སྨི་ཁྲི་2.4ཟིན་ནས་འབྲོག་པ་དང་། དགེ་འདུན་པ། དགེ་སློབ་སོགས་ཚུད་པའི་མང་ཚོགས་ཁྲི་6ལྷག་ཙམ་ལ་གཙང་ལ་བདེ་འཇགས་ལྡན་པའི་འཐུང་ཆུ་མཁོ་འདོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།