འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།དར་གོས་ལམ་བུའི་(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་སྐབས་དང་པོ་
    འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན་གྱི་སྔ་དྲོ། དར་གོས་ལམ་བུའི་(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་སྐབས་དང་པོ་ཏུན་ཧོང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་80ལྷག་ཙམ་གྱི་གྲོགས་པོ་ཚོ་སླར་ཡང་ཏུན་ཧོང་དུ་འཛོམས་ནས་རྣམ་པ་སྣ་ཚོགས་ཀྱི་རིག་གནས་སྤེལ་རེས་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་འགོ་འཛུགས་མཛད་སྒོར་ཞུགས་ཏེ་ཞིས་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོགས་སྦྱངས་གནང་བ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་སྤེལ་བ་གནང་བ་རེད། 
         ཏུན་ཧོང་གི་རིག་གནས་དངོས་མང་སྟོན་ཚོགས་ནི་མིག་སྔར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་ནང་རིག་གནས་སྤེལ་རེས་མཉམ་ལས་བརྗོད་དོན་གཙོ་བོར་བྱེད་པའི་རྒྱལ་ཁབ་རིམ་པའི་ལས་སྟེགས་དང་རྒྱལ་སྤྱི་ཅན་གྱི་ཚོགས་འདུ་གཟབ་རྒྱས་འབའ་ཞིག་དེ་ཡིན་ཞིང་། རྒྱལ་ཁབ་85དང་རྒྱལ་སྤྱིའི་རྩ་འཛུགས་5ཡི་འཐུས་མི་ཚོགས་པ་95ཡིས་གདན་ཞུས་ལྟར་ཏུན་ཧོང་གི་རིག་གནས་དངོས་མང་སྟོན་ཚོགས་སྐབས་དང་པོར་ཕེབས་པ་རེད། གཞན་ཡང་ཕྱི་རྒྱལ་གྱི་སྒྲིག་གཞི་66དང་ཕྱི་རྒྱལ་གྱི་སྐུ་མགྲོན་434གླེང་སྟེགས་དང་། ལོ་འཁོར་འགྲེམས་སྟོན། འཁྲབ་སྟོན་བཅས་ནང་ཞུགས་པ་མ་ཟད། ད་དུང་ཕྱི་རྒྱལ་སྲིད་ཕྱོགས་ཀྱི་གཙོ་ཆེའི་མི་སྣ་དང་དེ་སྔའི་ཕྱི་རྒྱལ་སྲིད་ཕྱོགས་ཀྱི་གཙོ་ཆེའི་མི་སྣ་6ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ་བ་རེད། ཚོགས་ཞུགས་རྒྱལ་ཁབ་མང་པོ་ཡོད་པ་དང་། གཞི་ཁྱོན་ཆེན་པོ་ལྡན་པ། རིམ་པ་མཐོ་པོ་ཡོད་པ་བཅས་ཀྱི་ཚོགས་ཆེན་འདི་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་པའི་སྟོན་ཚོགས་ནང་མཐོང་དཀོན་པོ་ཞིག་རེད། དེའི་ཐོག་ནས་དར་གོས་ལམ་བུའི་རྒྱུད་ཀྱི་རྒྱལ་ཁབ་ཚོས“རྒྱུད་གཅིག་ལམ་གཅིག”གི་འབོད་སྐུལ་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་བྱུང་བ་མཚོན་ཐུབ། དེ་དང་ཆབས་ཅིག་རྒྱལ་ནང་གི་འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་ཏུན་ཧོང་གི་རིག་གནས་དངོས་མང་སྟོན་ཚོགས་ནང་ཞུགས་འདོད་ཧ་ཅང་ཆེན་པོ་བྱེད་པ་སྟེ། ལམ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་16དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་གྱི་འཐུས་མི་ཚོགས་པ་23ཚོགས་ཆེན་ལ་ཞུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།