འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁོངས་སྒྲོལ་བའི་དྲ་རྒྱའི་རྒྱན་འགྱེད་གྱོད་གཞི་ཆེན་པོ་ཞིག་སྤྱི་བདེ་པུས་བཀོད་འདོམས་
    བྱས་ནས་རྩད་ཆོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུས་ཉིན་ཤས་གོང་ཕྱི་ཕྱོགས་སུ་བརྡ་ཁྱབ་བཏང་བ་ལྟར་ན། སྤྱི་བདེ་པུས་བཀོད་འདོམས་བྱས་ཏེ་བདེ་བླག་ངང“5·08”དྲ་རྒྱའི་རྒྱན་འགྱེད་ཆེད་དོན་གྱོད་གཞི་རྩད་ཆོད་པ་དང་། “པོ་ལེ”དང“ཤིན་ལེ”སོགས་རྒྱན་འགྱེད་དྲ་ཚིགས་6མེད་པར་བཟོས་ཤིང་། མངའ་ཁོངས་ཕྱི་ནང་གཉིས་ནས་ཉེས་གསོག་དོགས་ཅན་36འཛིན་བཟུང་བྱས་པའི་ནང་མི་21ཧྥི་ལི་ཕིན་ནས་རྒྱལ་ནང་དུ་ཕྱིར་བཟུང་སྐྱེལ་བྱས་པ་དང་། གྱོད་འབྲེལ་དངུལ་གྲངས་སྒོར་དུང་ཕྱུར་3ལས་བརྒལ་བ་རྩད་གཅོད་རགས་ཙམ་བྱུང་ཡོད་པ་རེད། མིག་སྔར་གྱོད་གཞི་དེའི་ཉེས་གསོག་དོགས་ཅན་གཙོ་བོ་11ཅང་སུའུ་དབྱང་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དུ་བསྐྱལ་ནས་ཞུ་གཏུག་བྱས་ཡོད།
         ཤེས་རྟོགས་བྱས་པ་ལྟར་ན། 2015ལོའི་ལོ་སྟོད་དུ་རྩིས་བཤེར་ཧྲུའུ་ཡིས་རྩིས་བཤེར་བྱེད་རིང“པོ་ལེ”དང“ཤིན་ལེ”སོགས་དྲ་ཚིགས་ཀྱིས་སྒེར་གྱི་རྒྱན་ཤོག་རྒྱན་འགྱེད་བྱེད་པའི་སྐོར་གྱི་ཁུངས་སྣེ་སྤྱི་བདེ་པུའུ་ལ་བརྡ་ཁྱབ་བཏང་རྗེས་སྤྱི་བདེ་པུས་ཅང་སུའུ་ཞིང་ཆེན་སྤྱི་བདེ་ལས་ཁུངས་ལ་གང་མྱུར་བཀོད་སྒྲིག་གིས་མྱུལ་ཞིབ་བྱས་པ་མ་ཟད། ཉེས་གསོག་ཚོགས་པས“པོ་ལེ”དང“ཤིན་ལེ”སོགས་དྲ་ཚིགས་བརྒྱུད་རྒྱལ་ཁབ་ཀྱིས་བཀྲམས་པའི་ཕན་བདེའི་རྒྱན་ཤོག་དང་ལུས་རྩལ་རྒྱན་ཤོག་ལ་བརྟེན་ནས་སྒེར་གྱི་རྒྱན་ཤོག་སོགས་དྲ་རྒྱའི་རྒྱན་འགྱེད་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་འཛེམས་མེད་སྒྲིག་འཛུགས་བྱས་པ་ཤེས་རྟོགས་རགས་ཙམ་བྱུང་ཞིང་། 2015ལོའི་ཚུན་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་གྲངས་སྒོར་དུང་ཕྱུར་3.2ཙམ་ཟིན་པ་རྩད་གཅོད་རགས་ཙམ་བྱུང་བ་རེད། དེ་རྗེས་ལོ་གཅིག་ཙམ་གྱི་རིང་མྱུལ་ཞིབ་བྱས་ཏེ་དོགས་ཅན་ཚང་མ་ཤེས་རྟོགས་བྱུང་བ་རེད།
         གྱོད་དོན་ཐག་གཅོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཉེས་གསོག་ཚོགས་པ་དེའི་ལས་བགོས་ཞིབ་ཚགས་པ་དང་། སྒྲིག་འཛུགས་པ་དང་ལས་ཚབ་སོགས་མི་སྣས་རྒྱལ་ནང་དུ་མི་སྣ་རྒྱན་འགྱེད་ནང་ཞུགས་རྒྱུའི་སྒྲིག་འཛུགས་དང་བསྡུ་རུབ་བྱས་པ་མ་ཟད། ཐེ་ལན་དང་ཤང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཞབས་ཞུའི་ཡོ་བྱད་གླས་སྤྱོད་བྱས་པ་དང་། སྤྱོད་མཁན་གྱི་ཞབས་ཞུ་དང་ནོར་དོན་སོགས་ཀྱི་མི་སྣས་ཧྥི་ལི་ཕིན་དུ་རྒྱན་འགྱེད་བྱེད་སྤྱོད་ཞིབ་ཕྲའི་ངང་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།