འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཅེ་ཁེ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཅེ་ཁེ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན་ནས་ཚེས་17ཉིན་བར་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཅེ་ཁེ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བ་རེད། འཚམས་འདྲི་གནང་སྐབས་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཅེ་ཁེ་རྒྱལ་ཁབ་ཀྱི་སྲིད་ཕྱོགས་མི་སྣ་དང་། ཆེད་ལས་མཁས་དབང་། སྨྱན་སྦྱོར་གསར་འགོད་པ། རིག་གནས་ལས་རིགས་མི་སྣ་བཅས་དང་དེ་བཞིན་ཅེ་ཁེ་རྒྱལ་ཁབ་ཏུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་ཀྲུང་གོ་བ་སོགས་དང་སྤེལ་རེས་དང་མཉམ་འགུལ་བྱས་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པ་མ་ཟད། ཅེ་ཁེ་ཕྱོགས་ཀྱི་མི་སྣ་བོད་ལྗོངས་སུ་འཚམས་འདྲི་དང་། རིག་གནས་སྤེལ་རེས་། མཉམ་ལས་སོགས་གནང་བར་ཕེབས་པའི་ཐོག་མའི་དམིགས་བྱའི་ཐད་གཅིག་མཐུན་ཡང་བྱུང་བ་རེད། 
         ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་མངགས་པ་ཡིན་ཞིང་། སྤེལ་རེས་ཚོགས་པའི་ཚོགས་གཙོ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་འཇིགས་མེད་དབང་མཚོ་ཡིས་ཅེ་ཁེ་རྒྱལ་ཁབ་ཀྱི་གྲོས་ཁང་གོང་མ་དང་གྲོས་ཁང་འོག་མ་སོགས་ཆེད་དོན་ཨུ་ཡོན་ལྷན་ཁང་མང་པོའི་བསླབ་རྒན་གྲོས་མི་འགའ་ཡིས་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པ་དང་སྤེལ་རེས་གནང་བ་དང་། ཀྲུང་གོའི་ཕྱོགས་ཀྱི་མཚམས་སྦྱོར་ལ་ནན་ཏན་གྱིས་ཉན་ཞིང་ཀྲུང་གོའི་ཕྱོགས་ཀྱིས་དོ་ཁུར་གནང་བར་ཟོལ་མེད་ཀྱིས་ལན་སློག་ལ། བོད་ལྗོངས་ཀྱི་འཕེལ་རྒྱས་བྱུང་ཚུལ་ལ་སྤྲོ་སྣང་ཆེན་པོ་འཕེལ་བ་མ་ཟད། ། རྒྱལ་ཁབ་གཉིས་ཀྱིས་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་སྤེལ་རྒྱུའི་སྐོར་ལ་གྲོས་འགོ་མང་པོ་ཡང་བཏོན་པ་རེད།
         ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ད་དུང་ཨེ་སོ་ནི་ཡ་དང་ལ་ཐེ་ཝེ་ཡ་རྒྱལ་ཁབ་གཉིས་ལ་འཚམས་འདྲི་ཡང་གནང་རྒྱུ་རེད།
    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་ཅེ་ཁེ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།