འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སི་སྐུད་ཞལ་ཐང་གི“ངོ་མཚར་ཆེ་བའི”སྒྱུ་རྩལ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྡོ་རྗེ་ནི་སི་སྐུད་ཞལ་ཐང་བཞེངས་པའི་སྲོལ་རྒྱུན་ལག་བཟོའི་སྒྱུ་རྩལ་གྱི་རྒྱུན་འཛིན་པ་ཞིག་ཡིན་ཞིང་། 2015ལོའི་ཟླ་4ཚེས་15ཉིན་རྡོ་རྗེ་རིག་གནས་པུའུ་དང་སློབ་གསོ་པུའུ་ཡིས་གཙོ་གཉེར་གནང་བའི“ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་མི་ཚོགས་ཀྱི་ཞིབ་འཇུག་ཟབ་སྦྱོང་དང་། ཞིབ་འཇུག་སློབ་སྦྱོང་། གསོ་སྐྱོང་སྦྱོང་བརྡར་བཅས་ཀྱི་འཆར་གཞི”ཞེས་པའི་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭར་ཞུགས་ནས་ཇུས་འགོད་ཀྱི་རྨང་གཞིའི་ཤེས་བྱ་དང་། གུ་གུ་ཤ་དང་སི་སྐུད་སྤྱད་དེ་ཞལ་ཐང་བཞེང་རྩལ་སོགས་ཀྱི་སློབ་ཚན་སློབ་སྦྱོང་བྱས་ཏེ་ཕན་པ་མི་དམན་པ་ཐོབ་པ་རེད། ལས་ཞོར་འཚོ་བའི་ཁྲོད་དུ་རྡོ་རྗེ་ནི་པར་ལེན་ལ་དགའ་པོ་ཡོད་པ་དང་། རྡོ་དབྱིབས་ཡ་མཚན་ཅན་འཚོལ་སྡུད་བྱ་རྒྱུ་ལའང་དགའ་པོ་ཡོད་ལ། མགོ་ལོག་ས་ཆ་འདི་ལའང་དགའ་ཞེན་ཆེན་པོ་ཡོད་པས། ཁོང་གིས་མགོ་ལོག་གི་མཛེས་སྡུག་དང་སྲོལ་རྒྱུན་གྱི་ལག་བཟོའི་སྒྱུ་རྩལ་ཕྱི་ཕྱོགས་སུ་དར་བར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

      

    ཕྱོགས་བསྡུས་གསར་འགྱུར།