འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའུ་ཡིས་མཐོ་སློབ་དགེ་རྒན་གྱི“མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས”ཀྱི་གདེང་འཇོག་
    ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་མཐོ་སློབ་དགེ་རྒན་གྱི“མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས”ཀྱི་གདེང་འཇོག་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་གྲངས་འབོར་ལ་མཐོང་ཆེན་དང་སྤུས་ཚད་ལ་སྣང་ཆུང་བྱེད་པའི་ཚན་ཞིབ་ཀྱི་གདེང་འཇོག་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་དང་དུས་ཡུན་རིང་པོ་དཀའ་སྤྱད་འབད་བརྩོན་བྱ་རྒྱུར་སྐུལ་མ་གཏོང་བ། འཕྲལ་ཕན་འཕྲལ་གཉེར་གྱི་དུས་ཐུང་བྱེད་སྤྱོད་བཀག་འགོག་བྱེད་པ་བཅས་བྱ་རྒྱུ་རེད། 
         ཉེ་ཆར་སློབ་གསོ་པུས་《མཐོ་སློབ་དགེ་རྒན་གྱི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་པ་དེ་ནི་མཐོ་སློབ་དགེ་རྒན་གདན་ཞུ་དང་། བསྐོ་སྤྱོད། གླ་ཆ། བྱ་དགའ་ཆད་གཅོད་སོགས་མི་དོན་དོ་དོམ་བྱེད་པའི་རྨང་གཞི་དང་གཞི་འཛིན་ས་རེད། 
         བསམ་འཆར་ནང་ལས་རིགས་གཅིག་པའི་རིགས་གཅིག་མཁས་ཅན་གྱི་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་བཏང་ནས“མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས”དང་ལེགས་སྐྱེས་དངོས་ཕུལ་བ་དེ་ནང་དོན་གཙོ་བོར་བྱེད་པའི་གདེང་འཇོག་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་བཙུགས་ཏེ་གསར་གཏོད་རང་བཞིན་དང་གསལ་སྟོན་གྱི་ནུས་པ་ལྡན་པའི་རིག་གཞུང་གི་གྲུབ་འབྲས་དེ་དགེ་རྒན་གྱི་ཚན་ཞིབ་ལས་དོན་ལ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་རྒྱུ་ཡིན་པ་དང་། དེ་དང་དུས་མཚུངས་དགེ་རྒན་གྱི་གདེང་འཇོག་སྲིད་ཇུས་དང་སློབ་གླིང་གི་དཔྱད་དཔོག་དང་། དངོས་གཞིའི་ཚན་ཁག་གི་སློབ་གསོའི་དཔྱད་དཔོག རིག་ཚན་དཔྱད་དཔོག་བཅས་མཉམ་སྐུལ་གྱི་ལམ་སྲོལ་བཙུགས་ནས་དགེ་རྒན་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་པའི་སློབ་རྒྱུས་དང་མྱོང་ཚོར་རམ་ཡང་ན་ཕྱི་རྒྱལ་གྱི་རིག་གཞུང་དུས་དེབ་ཐོག་དཔྱད་རྩོམ་སྤེལ་ཡོད་མེད་ལ་གཙོ་བོ་ལྟ་བའི་བྱེད་སྟངས་ལ་འགྱུར་ལྡོག་གཏོང་རྒྱུ་ཡིན་པ་བསྟན་ཡོད། 
         དགེ་རྒན་གྱིས་བྱེད་དགོས་པའི་སློབ་གསོ་སློབ་ཁྲིད་ལས་ཀར་སྣང་ཆེན་བྱེད་ཤུགས་མི་འདང་བའི་སྣང་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། སློབ་གྲྭའི་ནང་གི་ལས་ཕྱོད་བགོ་འགྲེམས་དང་། གོ་མིང་(གོ་གནས)དཔྱད་བསྡུར་གདན་ཞུ། ལས་གནས་སྤོར་བ་བཅས་ཀྱི་ཞིབ་དཔྱད་ཁྲོད་དགེ་རྒན་གྱི་སློབ་ཁྲིད་གྲུབ་འབྲས་ཀྱིས་བཟུང་བའི་བསྡུར་གྲངས་མཐོ་རུ་བཏང་ནས་དགེ་རྒན་གྱིས་བྱེད་དགོས་པའི་སློབ་གསོ་སློབ་ཁྲིད་ལས་ཀའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་དགོས་པ་དང་། སློབ་སྦྱོང་དང་། ཟབ་སྦྱོང་། གསོ་སྦྱོང་། རྩ་འཛུགས་ཀྱི་མངགས་གཏོང་། ཕྲུ་གུ་སྐྱེས་རྗེས་ངལ་གསོ་སོགས་ཀྱི་རྒྱུ་རྐྱེན་ཕུད། སློབ་ཁྲིད་ཀྱི་ལས་འབོར་དེ་སློབ་གྲྭའི་གཏན་འབེབས་ཀྱི་བླང་བྱའམ་ཡང་ན་སློབ་ཁྲིད་སྤུས་ཚད་ཀྱི་ཕྱོགས་བསྡུས་དཔྱད་དཔོག་ཚད་གཞི་དང་མི་མཐུན་པའི་དགེ་རྒན་གྱི་ལོ་འཁོར་རམ་ཡང་ན་གདན་ཞུ་བྱེད་རིང་གི་དཔྱད་ཞིབ་ཚད་མི་ལོན་པར་བརྩི་དགོས་ཞེས་བླང་བྱ་བཏོན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།